R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 14
[A:14]དཀོན་མཆོག་རྒྱལ་པོ
ཁོང་གཉིས་ཡིད་ཀྱང་བཅུག་
ས་སྐྱའི་འཁོན་དཀོན་མཆོག་རྒྱལ་པོ། ཕྱི་ཚར་མངའ་རིས་པ་གསལ་བའི་སྙིང་པོ་དང་ལྔ་ཡིན་ནོ། །གདམ་ངག་ཚར་བའི་སློབ་མ་གསུམ་ནི་འབྲོམ་དེས་པ་སྟོན་ཆུང་། ལྷ་བཙུན་ཀ་ལིསེ་སྟོན་ཀུན་རིག་སྟེ་གསུམ་མོ། །གྲུབ་པ་ཐོབ་པའི་སློབ་མ་ཕོ་གསུམ་མོ་བཞི་སྟེ། དེ་ཡང་ཕོ་གསུམ་ནི་
གཙང་པ་
དགྱེར་སེའོ།
རྟ་ནག་པ་
གཤེན་སྒོམ་རོག་པོ། དབུས་པ་
ཁོང་གྱག་ཁེར་ཆེན་པོ་གཅིག་ཡིན་རླུང་གི་ནུས་པས་ཟས་མང་པོ་འཇུ་བ་གཅིག་བྱུང་། དེ་རླུང་སྤུ་གྲི་སྟོབས་སུ་གྱུར་པ་ཡིན། ཕྱིའི་སྤུ་གྲི་དང་ནང་གི་གཉིས་ལས་ནང་གི་ཡིན་ན་འདི་ལ་ཡང་ཡོན་ཏན་གཅོད་པར་བྱེད་པ་དང་། ཁ་ཟས་གཅོད་པར་བྱེད་པ་གཉིས་ལས་ཁ་ཟས་གཅོད་པར་བྱེད་པའི་སྤུ་གྲི་སྟོབས་སུ་གྱུར་པ་ཡིན་ཆོས་རྗེས་གསུངས། ཁོང་ལ་འཚོ་བ་ཡང་བླ་ཆེན་གྱིས་གནང་སྟེ། ནས་ཕུལ་དགུ་ལ་བྱས་པའི་ཟན་རེ། ལུག་ཤ་གཟུགས་རེ། ཆང་ཤུ་རེ་བྱིན་ཀྱིན་བསྒོམ་དུ་བཅུག་པས་གྲུབ་པ་ཐོབ་བྱུང་གསུངས།
གྲོད་པོ་ཆེའོ་
འཕན་ཡུལ་འཇག་ཐང་པའི་གྱད་པོ་ཡིན་ནོ
། །མོ་བཞི་ནི་སྟོད་མོ་རྡོ་རྗེ་མཚོདབྲད་སྒོམ་མ་དཀོན་ནེཤབ་པ་མོ་ལྕམ་གཅིག མཆེད་མོ་ནམ་མཁའོ། །དེ་ལ་སྟོད་མོ་ཡུལ་མང་འགར་དགྲ་འདུལ་མ་ཡིན་ཁམས་བྱུང་ནས་བུ་ཁྱོ་ཙོ་བསད་ནོར་ཁྱེར་བས་རྐྱེན་བྱས་ནས་སྙིང་རླུང་བྱུང་སྟེ། ཤེས་པ་སྨྱོ་ནས་ཡོད་ཙམ་ན།
དེ་བླ་ཆེན་གྱིས་གསན་ནས་དེ་ངའི་ཙར་བྱུང་ན་སྡུག་བསྔལ་ཉིད་ཏིང་ངེ་འཛིན་དུ་གྲོལ་ཤེས་པ་ཡིན་ཏེ་གསུངས།
བླ་ཆེན་གྱི་སྤྱན་སྔར་འོངས་ནས་དབང་བསྐུར་བ་བྱས་གདམ་ངག་བསྟན་པས་སྨྱོ་བ་སངས་ནས་
སྡུག་བསྔལ་ཉིད་ཏིང་ངེ་འཛིན་དུ་བཀྲལ་བས་
ཏིང་ངེ་འཛིན་དཔག་ཏུ་མེད་པ་སྐྱེས་ཏེ། ལས་འཕྲོ་ཅན་རང་གི་ངང་གིས་ཁམས་འདུས་པས་ཚེ་འདི་ཉིད་ལ་ལུས་མ་སྤངས་པར་ཕྱག་རྒྱ་ཆེན་པོ་
ཨུ་རྒྱན་དུ་གཤེགས་
གྲུབ་བོ། །ཡང་དབྲད་མོ་དཀོན་ནེ་ཡུལ་མང་འགར་