R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 16
[A:16]ལེན་ལ་སོགས་པ་གནང་ནས། གནོད་སྦྱིན་མོ་གྲུབ་སྟེ་དབུས་ཀྱི་
ཤུམ་བྲག་རུམ་བྱ་བའི་
ལམ་སོ་གཅིག་ཏུ་ལ་མའི་སྤྱིལ་པོ་ཆུང་ངུ་གཅིག་བརྩིགས་ནས་
མགྲོན་པོ་རྣམས་ལ་ལམ་ཟན་སློང་གིན་སྒྲུབ་པ་མཛད་པས་གྲུབ་ནས
། བརྩོན་འགྲུས་དྲག་པོས་བསྒྲུབས་པས་ཐུན་མོང་གི་དངོས་གྲུབ་རྫུ་འཕྲུལ་དང་མངོན་ཤེས་ཅི་རིགས་པ་ཐོབ། སུ་འགྲོ་བ་ལ་ཟན་བྱ་ནག་དང་བཅས་པ་རེ་དང་ཤམ་པོ་ཕོར་པ་རེ་ཐོངས་སྐད། དེའི་དུས་སུ་མགྲོན་ཟན་ཟོས་པའི་མི་གཅིག་གཉིས་དང་རྗེ་པ་དང་གསུང་གླེང་བྱས་སྐད། དེ་ལ་སྔར་གྱི་གསུམ་ནི་ལུས་མ་སྤངས་པར་
དེའང་བོད་ཀྱི་གྲུབ་ཐོབ་བཞིན་སྤྱོད་པ་དུབ་ཅིང་རྩིང་ལ་གྲུབ་ཐོབ་ཏུ་བྱེད་པ་མིན་པའི་མཐོང་ལམ་ཡན་ཆད་ཐོབ་པ་འབའ་ཞིག་བྱུང་
གྲུབ། ཕྱིས་ཀྱི་འདི་ལུས་ནི་སྤངས་ཏེ། འོན་ཀྱང་བརྩོན་འགྲུས་ཅན་འབད་རྩོལ་གྱིས་ཁམས་འདུས་པའི་དཔེ་
དམ་པ་སེ་སྟོན་གྱིས་མཆེད་མོ་ལ་ཆོས་ཞུས་པས། ལྟ་བ་འདི་ལ་སྤངས་སུ་བགྱི། །ལྟ་བ་སྤངས་སུ་མི་བགྱི་རུ། །ཆོས་ཀྱི་དབྱིངས་ལ་དོགས་པ་མེད། །སྤྱོད་པ་འདི་ལ་དོགས་སུ་བགྱི། །སྤྱོད་པ་དོགས་སུ་མི་བགྱི་རུ། །རྒྱུ་འབྲས་ནམ་ཡང་བསླུ་བ་མེད། །ཅེས་གསུངས། ཆོས་རྗེའི་ཞལ་ནས་གྲུབ་ཐོབ་ཀྱི་ཚིག་ཏུ་རང་འདུག་གསུངས་
མཛོད་དོ། ། དེ་ལ་གཞུང་ཚར་བའི་སློབ་མ་ལྔ་ལས། འཁོན་དཀོན་མཆོག་རྒྱལ་པོའི་ལོ་རྒྱུས་ནི་དགེ་བཤེས་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཡན་ཆད་གསང་སྔགས་སྔ་འགྱུར་བ་ཡིན་ནོ། །ཁོང་གི་ཞལ་ནས་ཡན་ཆད་གསང་སྔགས་སྔ་འགྱུར་འདི་ལ་སྦྱངས་པ་
ཁོང་གི་ཆོས་སྐྱོང་དཀར་མོ་ཉི་ཟླ་སྟོང་གི་ཐོད་ཕྲེང་ཅན་ཞལ་གཟིགས་
ཡིན།
ད་ཕྱི་འགྱུར་བྱ་བ་གཅིག་དར་འདུག་པ་དེ་སད་མི་མི་བདུན་གྱི་ཡ་གྱའོ། །འཁོན་ཀླུའི་དབང་པོ་བསྲུང་བ་ནས་
ཁྱོད་ཀྱིས་གསང་སྔགས་ཕྱིས་འགྱུར་འདི་ལ་སློབས་
དེ་ལ་སྟོད་ན་རིན་ཆེན་བཟང་པོ་བཞུགས་ཏེ་ཐག་རིངས། འདི་ན་འབྲོག་མི་བཞུགས་པས་དེར་སོང་
གསུང་
བ་ལ་ཁོང་ལ་ཆོས་ཞུ་བ་ལ་དཀའ་