R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 17
[A:17]ཚེགས་ཆེན་པོ་ཡོད་པས་
ནས་འཕྲང་ཕུར་ཁ་བསྟན་
བྱོན
། དེ་ན་བཞུགས་པའི་དགེ་བཤེས་ཁྱིམ་ལོ་ཙཱ
འཚུར་ནན་ཨ་ཀ་ར་ལ་ཟེར་
བ་དེ། བླ་ཆེན་འབྲོག་མི་ལ་རྒྱ་གར་དུ་ཆོས་འབྲེལ་ཙམ་ལས་མེད། ཕྱིས་བོད་དུ་བརྟག་གཉིས་ལེགས་པར་ཤེས་པར་བསླབས། དེ་ལ་དགེ་བཤེས་དཀོན་མཆོག་རྒྱལ་པོས་གསན་ཞིང་ཡོད་ཙམ་ན་ཁྱིམ་སྐུ་གཤེགས་ནས། བླ་ཆེན་འབྲོག་གི་སྤྱན་སྔར་བྱོན་ནས་བླ་ཆེན་འབྲོག་གི་ཞལ་ནས་ཕ་ཤི་ནས་མེས་པོ་ལ་སྙེགས་པ་ཨང་ཁྱོད་ཀྱི་འགྲོ་ས་མ་ལོག་གསུངས། དེར་གཞུང་གི་བཤད་པ་རྣམས་ཚར་བར་བསླབས་ནས། གདམ་ངག་ཞུ་བར་དགོངས་ཏེ་ཡུལ་དུ་བྱོན་གཡག་ལུང་འཇག་ཤོངས་ཀྱི་ཞིང་བཙོང་བར་འོས་པ་བཙོང་། ལྷག་མ་རྣམས་དགེ་འདུན་འཕྲང་པ་ལ་ཕུལ་ནས་ད་ལྟ་ཡང་གནས་ཆུང་ཡོད་དོ། །བཙོང་པའི་རིན་རྟ་བླ་ཁལ་འོག་ཁལ་བཅུ་བདུན་ཙམ་བྱུང་ནས་དེ་རྣམས་ཕུལ་བས་བླ་ཆེན་ཞལ་ནས། རྟ་འདི་རྣམས་ལ་ང་ལ་ཙ་རིན་མེད་གསུང་ནས་མ་བཞེས་པ་ལ།
ཁོང་རང་གི་རྒྱགས་བྱ་མནོ་བའི་
ནོར་འཕྲེང་བཟང་པོ་གཅིག་ཕུལ་ནས་འདི་ལ་ཙ་རིན་མཛད་པར་ཞུ་བྱས་པས། བླ་ཆེན་གྱི་ཞལ་ནས་དེ་ལ་ཤགས་མེད་གསུང་ནས་བཞེས་སྐད། དེ་ནས་གདམ་ངག་ཞུས་པས་བསམ་མི་ཁྱབ་དང་གཏུམ་མོའི་མངོན་རྟོགས་ཉི་ཤུ་རྩ་བཞི་ལ་སོགས་པ་ལས་མ་གནང་སྐད། གཉིས་པ་མངའ་རིས་པ་གསལ་བའི་སྙིང་པོའི་ལོ་རྒྱུས་ནི། དང་པོ་
ཡབ་ཁྱིམ་བཙུན་རེས་རི་ཞིང་དང་ཡོ་སེ་མོར་བཞུགས། དེར་ཁོང་གིས་དོན་གཉེར་དུ་བྱོན་བསླབ་བསྡུས་གཅིག་ཀློག དར་ལ་གཏད་ནས་ཁོང་ལོག་འོངས་ཙ་ན། བུ་ཚ་ཚོ་གཅིག་དང་རྩེད་མོ་བྱེད་ཀྱིན་འདུག་པ་ལ་ཀློག་མི་སློབ་པར་བྱས་པས། ཀློག་བསླབ་རྒྱུ་མི་འདུག ཅི་ཡིན་བྱས་པས། འབྱོར་ཀློག་ཏུ་བསླབ་བསྡུས་བློ་ལ་བྱུང་