R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 18
[A:18]འདུག་གསུང་། དེས་ན་
བྱིས་པ་ཆུང་ངུ་ནས་ཀློག་ལ་སོགས་པ་ཚེགས་མེད་པར་ལོབས། སྤྱོད་ཕྱོགས་དང་དབུ་མ་ཤར་གསུམ་དུ་མིང་བཏགས་པ་རྙིང་མའི་བཤད་པ་ཀུན་སྐྱེ་བ་སྔ་མའི་བག་ཆགས་སད་པའི་སྟོབས་ཀྱིས་མ་སླབས་པར་ལེགས་པར་མཁྱེན་ཏེ། གཞོན་ནུའི་དུས་ནས་བཤད་པ་མཛད་པས་གྲགས་པ་ཆེན་པོ་བྱུང་གསུངས། དེ་ལྟར་ཐོས་པ་འཛིན་པའི་བདག་ཉིད་ཆེན་པོ་དེས། མུ་གུ་ལུང་དུ་
བྱོན་
དབང་བསྐུར་བ་ཞུས་དེ་ཙམ་ན་མཚོ་སྐྱེས་ལ་ཉན་བཤད་མང་པོ་མཛད་པའི་སྟོབས་ཀྱིས། མཚོ་སྐྱེས་ཚར་བརྒྱད་གསན། བླ་མ་མངའ་རིས་པའི་ཞལ་ནས་གསང་སྔགས་ལ་གདམ་ངག་མེད་ན་མི་ཤེས་ཟེར་ཏེ་བདེན་པར་འདུག ངས་ཆོས་འགའ་ཞིག་མ་བསླབས་པར་ཤེས་གཞན་ཚར་རེས་མི་ཤེས་པ་མ་བྱུང་བ་ལ། མཚོ་སྐྱེས་ཚར་བདུན་ཚུན་ཆད་མཉན་པ་ལ་
ཟིན་བྲིས་ཀྱི་ཡི་གེ་དམ་དུམ་ཡོད་པ་ཀུན་བླ་ཆེན་གྱིས་སྣོམས་ཀྱིན་ངའི་བུ་ལ་དགོས་གསུང་
རྟོགས་པ་རེ་སྐྱེ་བར་བྱུང་། བདུན་ནས་བརྒྱད་པ་ལ་སྔར་དང་ཁྱད་པར་མ་བྱུང་གསུངས། དེ་ལྟར་གཞུང་གི་བཤད་པ་རྣམས་ཚར་བར་ཞུས་ཏེ། གསུང་ངག་ཞུ་བར་བཞེད་ནས་ཀོང་པོར་བྱོན་ནས་བསོད་ནམས་ཆེན་པོ་བྱུང་ནས་ཡོ་བྱད་མང་པོ་ཁྱེར་ནས་ཡར་བྱོན་ཏེ། བླ་ཆེན་ལ་ཕུལ་གདམ་ངག་ཞུས་དབང་ཡང་ཞུས་པས་གནང་སྟེ། སྟ་གོན་གྱི་ནུབ་མོ་རྨི་ལམ་ན་བླ་མ་འབྲོག་མིའི་མཛོད་ཡིན་ཟེར་བ་སྒོ་སྐྱ་ཁྲིག་གེ་བ་མང་པོ་འདུག་པ་ལས། དེ་རྣམས་ཀྱི་ནང་ན་སྒོ་གཞན་པས་ཆེ་བ་སྐྱ་ཁྲིག་གེ་བ་གཅིག་གི་ལྡེ་མིག་གཏད་པ་རྨིས་ནས་མནལ་སད་དེ། ནང་པར་བླ་མ་ལ་ཞུས་པས་རྗེ་ལ་གསུང་ངག་རིན་པོ་ཆེའི་མཛོད་མངའ་བར་གདའ་ཡང་། དངོས་ལ་ཐམས་ཅད་མི་གནང་བར་གདའ་