R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 30
[A:30]པས། ཤེས་རབ་ཀྱི་ལྷ་འཕགས་པ་འཇམ་དཔལ་
ཡིན་པས་
ཨ་ར་པ་ཙ་ན་འདི་བསྒྲུབ་གསུངས་ནས་བསྒྲུབས་པས་དང་པོ་བར་ཆད་ཀྱི་ལྟས་ཅུང་ཟད་གཅིག་བྱུང་བ་ལ་ཁྲོ་བོའི་རྒྱལ་པོ་མི་གཡོ་བའི་སྒོ་ནས་བར་ཆད་བཟློགས་ནས་འཕགས་པ་འཇམ་དཔལ་གྱི་ཞལ་མཐོང་ཞེས་ལོ་གར་གྲགས་སོ། །དེ་ནས་བློ་གྲོས་ཕུལ་དུ་བྱུང་བའི་བདག་ཉིད་ཆེན་པོ་དེས་དགུང་ལོ་བཅུ་གསུམ་པ་ལ།
ཐོག་མར་ཆོས་རྒྱབ་ཆེ་བས་མངོན་པ་གཅིག་གསན་ན་འཐད་ཟེར་ནས་
རོང་གི་དགེ་བཤེས་ངུར་སྨྲིག་པ་ལ་
དབྱར་ཆོས་གཅིག་གི་མིག་ལ་སླེབ་ཁོང་ལ་གྲྭ་པ་ལྔ་བརྒྱ་ཙམ་ཡོད་པས་ཁང་པ་མ་ཐོབ་སྲང་ཀ་སྡུག་སྟུགས་གཅིག་ཏུ་ཕྱར་བའི་ཡོལ་བ་བྱས་
མངོན་པ་གསན་པས་ཚར་གཅིག་གིས་ཁོང་དུ་ཆུད་དེ་ཀུན་ཀྱིས་ངོ་མཚར་དུ་འཛིན་ཏོ། །
དེར་བླ་ཆེན་ལ་འབྲུམ་ནག་བྱུང་ཨ་ཅོ་ཕག་སྟོན་ལ་མཐོང་སྣང་དུ་བྲ་ཆུ་གོང་ན་ཡར་བན་སྡེ་རྟ་གྲོ་བ་ལ་ཞོན་ཕོད་ཀ་ནག་ལྕབ་སེ་བ་གཅིག་ཀུན་དགའ་སྙིང་པོ་ན་ཡིན་ཡོད་ཁྱེད་ཅི་མནོ་ཟེར། འདི་ལྟ་བུ་བྱུང་བྱས་པ་ཨ་ཅོ་ཟེར་བ་བཞིན་འོང་བ་གཅིག་ཡོད་ཟེར་ནས་ཡུམ་གྱིས་གསེར་བག་ཙམ་སྣོམས་ནས་བུ་ཤི་ན་ང་ལ་ཡར་འོང་རྒྱུ་ཙམ་མེད་དགོན་པ་ཆོས་དང་མཐུན་པ་འདྲར་བསྡད་སྙམ་ནས་སྐྱེད་འགོ་བ་དང་བཅས་པས་བྱོན་ཙ་ན། ཁམས་ཅུང་བཤོས་པ་ལ་སླེབ་བླ་ཆེན་གྱིས་བཤུམས་པས། ཁྱོད་དགེ་འདུན་རྒྱ་མཚོ་ལྟ་བུའི་དབུས་འདིར་ཤི་ཡང་ལེགས། ཕ་ཇོ་སྲས་ཀྱི་བུ་བྱ་བ་ལ་སྙིང་རུས་དགོས་པ་ཡིན་ཟེར།
དེའི་དུས་སུ་བྲང་ཏི་སྐུ་གཤེགས་ཏེ། ཟུར་ཆོས་པ་བྱ་འཆད་ཁྱུང་ལས་
རྒྱས་པའི་བསྟན་བཅོས་ས་
སྡེ་ལ་སོགས་པ་
མངོན་པའི་ཆ་ལག་ཚོ་
གསན་ནོ། །
ཚར་གཉིས་ལ་སྐྱེད་མ་བྱུང་སྟེ་གསན་
དེ་ནས་ཉང་སྟོད་དུ་ཁྱུང་རིན་ཆེན་གྲགས་པ་ལ་ཚད་མ་རྣམ་ངེས་དང་རིགས་ཐིགས་ལ་སོགས་པ་
རྣམ་འགྲེལ་མ་གཏོགས་གཞན་ཐམས་ཅད་
གསན་ནོ། །ཟུར་ཆོས་ནི་
གཙང་པ་
མི་དགེ་བ་ཡིན་དེ་ཙམ་ན་ས་སྐྱའི་གཞིས་པ་རྣམས་ཀྱིས་འཕྲིན་བསྲིངས་ཏེ་ཚད་མ་ཕྱིས་གསན་པས་ཆོག བླ་མ་