R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 41
[A:41]འབྱོར་གྱི་དབང་ཕྱུག་བྱོན་ནས་
ས་དཀར་པོ་ལ་རྒྱབ་ཡོལ་བྱས་སྐྱིལ་ཀྲུང་གཅིག་གིས་ས་སྐྱ་ཁེབས་པར་མཛད་ནས་འདི་ཐམས་ཅད་དབང་གསུང་ནས་
རྒྱུད་སྡེ་བདུན་ཅུ་རྩ་གཉིས་ཀྱི་ལུང་གནང་། སྦས་བཤད་རྣལ་འབྱོར་དབང་ཕྱུག་གི་བསྲུང་འཁོར་བིར་འཇོམས་སོགས་མང་དུ་གནང་བའི་ལོ་རྒྱུས་སྦས་ཏེ་གསུངས་པས་ཞིབ་ཏུ་གཞན་དུ་ཤེས་པར་བྱའོ། །དེ་ནས་བཀའ་རྒྱའི་ལོ་བཅོ་བརྒྱད་ཐིམ་པ་དང་། བླ་མ་རང་གི་བླ་མ་ཁམས་པ་ཨ་སེང་གིས་ལམ་འབྲས་ཁུངས་ཆོད་ནས་ཉིད་ལ་གསུང་ངག་རིན་པོ་ཆེ་མངའ་བར་གདའ་བས། བདག་ལ་
ཚར་གཅིག་ཞུ་
ཡི་གེ་ཞིབ་པ་གཅིག་ཐུགས་ལ་ཐོགས་ཞུས་པས།
ཚར་གཅིག་གསུངས་ནས་
སྔར་ཡི་གེ་གཅིག་ཀྱང་མེད་པ་ལ་ལམ་འབྲས་མདོར་བསྡུས་མ་མཛད་དེ་གནང་ངོ་། །དེ་ནས་ལོ་བཞིར་མ་གསུངས་པ་ལ་ཕྱིས་གསོལ་བ་འདེབས་པ་འགའ་ཞིག་གི་ངོར་གསུང་ངག་རྒྱས་པ་འདི་མི་རེ་རེ་ཙམ་ལ་གསུང་ངོ་། །དེ་ནས་
ལྷ་གྲངས་བཞིན་
དགུ་དང་ཉི་ཤུ་རྩ་ལྔ་
དབང་བཞིན་
དང་སོ་བདུན་དང་།
དེ་ནས་འདིའི་ཏིང་ལ་ང་ཡོད་ལ་མ་འཆམ་པར་
ཕྱིས་སྐུ་ཚེའི་སྨད་ལ་མ་ངེས་པར་གསུངས་སོ། །དེའི་དུས་སུ་རྡོ་རྗེའི་ཚིག་རྐང་གི་དབུ་ཞབས་གཉིས་དང་བར་དུ་གཉིས་ཏེ་མཆོད་པ་བཞི་མཛད། ཕྱིས་དབུ་ཞབས་གཉིས་དང་ཉམས་ཆག་བསྐང་བའི་སྐབས་སུ་གཅིག་སྟེ་གསུམ་མཛད། དེ་ནས་གཉིས་དང་གཅིག་དུ་ཡང་མཛད་དོ། །དེ་ནས་
ཁམས་པ་
རྒ་ཐེང་ལ་སོགས་པས་ལན་མང་དུ་གསོལ་བ་འདེབས་པའི་དོན་དུ་རྡོ་རྗེ་ཚིག་རྐང་ལ་བླ་མ་ཉིད་རང་གིས་སྔ་ཕྱིར་རྣམ་འགྲེལ་བཅུ་གཅིག་ཙམ་མཛད་
རྒ་ཐེང་ནི་བླ་ཆེན་ཡུན་རིང་དུ་བསྟེན། རུ་མཚམས་སུ་བྱོན་ཙ་ན་རྒ་ཐེང་གི་ཟིན་བྲིས་མཐོང་མང་དུ་མཉན་པས་བཏུབ་པ་ཡོད་དམ་སྙམ་ཙ་ན་ནོར་བ་ལས་མི་འདུག འོ་ན་ང་ཤི་