R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 5
[A:5]སོགས་པ་ཐམས་ཅད་ལ་འདྲི་བ་འོང་། ནུབ་ཕྱོགས་ན་ཤེས་རབ་འབྱུང་གནས་བློ་གྲོས་ལ་ཁྱད་པར་དུ་མུ་སྟེགས་ཀྱི་གྲུབ་མཐའ་ལ་འདྲི་བ་མང་། བྱང་ཕྱོགས་ན་ཇོ་བོ་ནཱ་རོ་ཏ་པ་ལ་ཐེག་པ་ཆེན་པོ་ལ་འདྲི་བ་དང་ལུང་ནོད་པ་མང་གསུངས་སོ། །དབུས་ཀྱི་ཀ་ཆེན་གཉིས་ནི་རིན་ཆེན་རྡོ་རྗེ་དང་ཛྙཱ་ན་ཤྲཱི་མི་ཏྲ
བོད་སྐད་ཡེ་ཤེས་དཔལ་བཤེས་གཉེན་
སྟེ། དེ་གཉིས་ལ་ཀ་ཆེན་ཟེར་ཀྱང་གཞན་པས་ཡོན་ཏན་ཆེ་རྒྱུ་ནི་མེད་གསུངས། བླ་ཆེན་འབྲོག་མིས་སློབ་དཔོན་ཤནྟི་བ་ལ་དམ་པའི་ཆོས་འདུལ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡང་གསན། སློབ་དཔོན་ཉིད་ཀྱིས་མཛད་པ་ཕར་ཕྱིན་གྱི་འགྲེལ་པ་
ཉི་ཁྲི་དག་ལྡན་སྙིང་པོ་མཆོག་ལ་སོགས་
ཀུན་ཡང་གསན། དེ་ནས་སྔགས་ཀྱི་ཆོས་སྐོར་ཀྱཻ་རྡོ་རྗེ་རྒྱུད་གསུམ་བདེ་མཆོག་ལ་སོགས་པ་མང་དུ་གསན་ཞིང་ལོ་བརྒྱད་བཞུགས་སོ། །གཞན་རྣམས་དང་ཡང་ཆོས་འབྲེལ་བག་རེ་ཡོད་གསུང་
དེ་དུས་ན་མཁས་པ་གྲ་འདོས་པས་ཚིག་གི་ཟུར་ཚོལ་པས་ཤནྟི་བ་ལྟ་བ་ལ་འཁྲུལ་སེམས་ཙམ་ཡིན་ཟེར། ངག་གི་དབང་ཕྱུག་སྤྱོད་པ་ལ་འཁྲུལ་ལས་དང་པོ་པ་རང་ནས་གཉིས་སྤངས་ཀྱི་སྤྱོད་པ་བྱེད། ནཱ་རོ་པ་དབང་ལ་འཁྲུལ་དབང་གི་དུས་སུ་མཐོང་ལམ་སྐྱེ་ཟེར་ཀྱང་མཁས་པ་ཆེན་པོ་དེ་རྣམས་ལ་འཁྲུལ་པ་ཆེན་པོ་མི་མངའ་གསུང་
། དེ་ནས་ཡུལ་དུ་བྱོན་དགོངས་ཙམ་ན། རྒྱ་གར་ཤར་ཕྱོགས
ར་ཌ་
ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁར་ས་པ་ཎི་བཞུགས་པ་
དེ་གྲགས་པ་ཆེ་བས་
དེ་ལ་ཕྱག་དང་བསྙེན་བཀུར་བྱ་བའི་ཕྱིར་བྱོན་པའི་ལམ་ན་
ཀུ་བ་ཚལ་བྱ་བའི་
ནགས་སྟུག་པོ་གཅིག་གི་ནང་ན་དགེ་སློང་ཆོས་གོས་གསུམ་ལྷུང་བཟེད་དང་བཅས་པ་གཅིག ཤིང་གི་ལྷ་ལ་བསོད་སྙོམས་སློང་ཞིང་འདུག་པའི་དུས་སུ་ལྗོན་ཤིང་གི་སྡོང་པོའི་ནང་ནས། ལུས་མི་སྟོན་པར་ལག་པ་རིན་པོ་ཆེ་སྣ་ཚོགས་