R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 6
[A:6]ཀྱིས་བརྒྱན་པ་གཅིག་གིས་བསོད་སྙོམས་འདྲེན་པ་མཐོང་བས། དེ་ལ་དད་པ་དང་ངོ་མཚར་ཆེར་སྐྱེས་ནས་འདི་དངོས་གྲུབ་ཐོབ་པ་གཅིག་འདུག་སྙམ་ཏེ། དགེ་སློང་དེ་ལ་ཕྱག་དང་བསྐོར་བ་དང་བསྙེན་བསྐུར་མཛད་ནས། བདག་རྗེས་སུ་གཟུང་བར་ཞུ་བྱས་པས་
ཅི་དོན་དུ་གཉེར་ཟེར། ཆོས་གཉེར་དེ་ནས་ཀྱང་གསང་སྔགས་གཉེར་བྱས་པས། དབང་བསྐུར་དགོས་ཟེར། སྔར་བལ་པོ་དང་ཤན་ཏི་པ་ལ་ཐོབ་བྱས་པས། དེས་མི་ཕན་ང་རང་གི་དགོས་ཟེར། དེ་ཆོས་རྗེས་པ་ན་རེ་འཐད་དེ་ད་ལྟ་དེ་སྐད་བྱས་ན་མི་ཉན་འདུག་གསུང་།
དེས་གནང་ནས་དབང་བསྐུར་བ་མཛད། སློབ་དཔོན་དེའི་མཚན་པྲ་ཛྙ་ཨིནྟྲ་རུ་ཛི་ཞེས་པ་བོད་སྐད་དུ་བསྒྱུར་ན། ཤེས་རབ་དབང་པོ་མཛེས་པ། གསང་མཚན་དཔའ་བོ་རྡོ་རྗེ་ཞེས་པ་སྟེ་
མུ་གུ་ལུང་དུ་བྱོན་རིན་ཆེན་འབར་བ་མཛད། གངས་མཐོང་འགྲོ་གསུང་ནས་ཉི་ཟེར་ལ་ཆིབས་ནས་གཤེགས
། དེས་ན་དགེ་སློང་དཔའ་བོ་རྡོ་རྗེ་ཞེས་ཡོངས་སུ་གྲགས་སོ། །དེ་ལྟ་བུ་དེ་ལ་ཀྱཻ་རྡོ་རྗེ་རྒྱུད་གསུམ་སློབ་དཔོན་ཌོམ་བྷི་བའི་རྗེས་གནང་དང་བཅས་པའི་སྒྲུབ་ཐབས་དང་འགྲེལ་པའི་སྐོར་ཐམས་ཅད་ཀྱང་གསན། ལམ་འབྲས་རྩ་བ་
ལམ་འབྲིང་པོ་ལ་ཟེར་
མེད་པ་གཅིག་ཀྱང་གསན། བསམ་མི་ཁྱབ་ལ་སོགས་པའི་ལམ་སྐོར་
འགའ་ཞིག་
ཀྱང་གསན་ཞིང་ལོ་བཞི་བཞུགས་སྐད་
སྤྱན་རས་གཟིགས་ལ་ཡང་མཇལ་ལོ
། །སློབ་དཔོན་ཤནྟི་བས་དགེ་སློང་དཔའ་བོ་རྡོ་རྗེའི་གསང་སྔགས་ཀྱི་བཤད་སྲོལ་ལེགས་ཤིང་གདམ་ངག་ཀྱང་ཆེ་བར་དགོངས་གསུང་
སྟེ་ཤནྟི་བའི་སྡེ་སྣོད་སྤྱི་དང་བསྟུན་པའི་རྒྱ་ཆེ་བར་བྱུང་། དཔའ་བོ་རྡོ་རྗེའི་ཉམས་སུ་བླང་བདེ་བ་མན་ངག་ཏུ་དྲིལ་ནས་བྱུང་། དེ་ཉིད་ཀྱིས་ཕྱི་ནང་གི་སྒྲོ་འདོགས་ཀུན་ཆོད་པས་ཐུགས་ཤིན་ཏུ་བདེ
། སྤྱིར་བལ་པོ་དང་རྒྱ་གར་གཉིས་སུ་ལོ་བཅུ་གསུམ་བཞུགས་གསུངས། དེ་ནས་སྟག་འབྲོག་གཉིས་ཀྱིས་ཚུར་བོད་དུ་བྱོན་
རྒྱ་གར་ནས་བལ་ཡུལ་