R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 7
[A:7]ཡན་ཆད་ལོ་པན་བྱོན་ན་འདིར་བྱོན་བྱ་བའི་སྲོལ་ཡོད་གསུང་
། མཁན་སློབ་གཉིས་ཀྱིས་བསུ་བ་མཛད་ནས་ཆོས་ཀྱི་ལོ་རྒྱུས་མཛད་པས། བླ་ཆེན་འབྲོག་མི་ཤིན་ཏུ་མཁས་པ་ཆེན་པོར་གྱུར་ནས་ཤིན་ཏུ་མཉེས་སྐད། སྟག་ལོ་ལ་ཅི་ཤེས་དྲིས་པས་ཤེས་རབ་སྙིང་པོ་རྒྱ་ཀློག་ཏུ་ཀློག་པ་ཙམ་ལས་མི་འདུག་སྐད། མཁན་སློབ་གཉིས་ཀྱི་ཞལ་ནས་འབྲོག་མི་འདི་མཁས་པ་ཆེན་པོར་གྱུར་འདུག་པ་ལ། ཁྱོད་ཀྱིས་ཅི་ཡང་མི་ཤེས་པ་ཇི་ལྟར་ཡིན་གསུངས་པ་ལ། སྟག་ལོ་ན་རེ་ཁོ་ཀ་པ་ལི་རེ་ཁྱེར་ནས་དེ་ཤེད་དུ་འགྲོ་ཡིན་འདུག ཁོ་བོ་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོ་ལ་དད་པར་བྱུང་ནས་བསྐོར་བ་འདྲ་བྱས་ཟེར་སྐད། འོན་ཀྱང་ཁོང་ཤིན་ཏུ་བཙུན་པས་སྟག་ཚོའི་སྡེ་པ་ཆེན་པོ་ཚུགས་སོ། །བླ་ཆེན་གྱིས་
སྐུ་ཚེ་སྟོད་ལ་བཤད་པ་རྒྱ་ཆེན་པོ་མཛད་སྨད་ལ་
མུ་གུ་ལུང་དང་ལྷ་རྩེ་བྲག་དང་།
གམ་པའི་རྫོང་བྱ་བ་བྲག་ཆེན་པོ་གཅིག་ཡོད་དེར་བཞུགས་ནས་བསྒོམ། ལྷ་ལྕམ་གཅིག་ལ་སྲས་ཨིནྟྲ་རྡོ་རྗེ་བལྟམས་གསུང་
སྐབས་སུ་སྤ་དྲོའི་ཚུར་ཉེ་བ་གནམ་ཐང་དཀར་པོའི་འབྲོག་པས་སྤྱན་དྲངས་ནས། ཆོས་ཀྱི་ཉན་བཤད་མང་པོ་མཛད་ཅིང་བཞུགས་པའི་དུས་སུ།
པཎྜི་ཏས་ལོ་ཙཱ་བའི་སྐད་མ་གོ་བར་ངུས་པའི་གཏམ་ཡོད་དེ་མ་དག
ཇོ་བོ་གྷ་ཡ་དྷ་རས་པཎྜི་ཏ་ཡོང་གིན་ཡོད་པས་བསུར་ཤོག་ཅེས་པའི་འཕྲིན་བཏང་ནས་བྱུང་བ་ལ། ཆོས་ཅི་ཤེས་དྲིས་པས་
སྤྱིར་མངའ་རིག་པའི་པཎྜི་ཏ་ཡིན། བྱེ་བྲག་ཏུ་སྔགས། དེ་ནས་ཀྱང་མ་རྒྱུད་ཁྱད་པར་དུ་རྣལ་འབྱོར་དབང་ཕྱུག་གི་གདམ་ངག་ལ་མཁས་ཟེར་བས་སྐོམ་པ་ལ་ཆུ་དང་ཕྲད་པ་བཞིན་དགྱེས་ཏེ་
རྡོ་རྗེ་ཐེག་པ་ལ་མཁས་པར་རྟོགས་ནས་དགྱེས་པས་སྐྱིད་གྲོང་ནས་བསུ་སྟེ་བྲོམ་པ་ལྷ་རྩེའི་བྲག་ལ་ཟླ་བ་གཅིག་ཏུ་ཆོས་ཀྱི་ལོ་རྒྱུས་དང་། བླ་མ་ལྔ་བཅུ་པའི་སྒོ་ནས་དཔོན་སློབ་ཀྱི་འབྲེལ་རྟོག་