R238: བླ་མ་དམ་པ་བོད་ཀྱི་ལོ་རྒྱུས།

  • Pagination (Witness A): 8
[A:8]ཅིང་བཞུགས་སྐད། དེར་དཔོན་སློབ་གཉིས་
སློབ་དཔོན་མཚན་ཉིད་དང་སློབ་མ་སྣོད་དང་ལྡན་པར་ཤེས་ནས་
གཅིག་ལ་གཅིག་ཕན་ཚུན་མཉེས་ནས། པཎྜི་ཏམང་གར་མུ་གུ་ལུང་དུ་སྤྱན་དྲངས་ནས་ལོ་ལྔར་བཞུགས་པ་དང་། གསུང་ངག་མ་ལུས་པར་གནང་བར་ཞལ་གྱིས་བཞེས། ལོ་ཙཱ་བས་ལོ་རེ་ལ་གསེར་སྲང་བརྒྱ་བརྒྱ་སྟེ་ལྔ་བརྒྱ་འབུལ་བར་ཁས་བླངས་ནས་ཆོས་ཀྱི་ཉན་བཤད་བྱེད་ཅིང་ལོ་གསུམ་སོང་བ་དང་། པཎྜི་ཏའི་ཞལ་ནས་ང་རྒྱ་གར་དུ་འགྲོ་གསུངས་པ་ལ། བླ་ཆེན་གྱིས་དང་པོ་ལོ་ལྔ་བཞུགས་པར་ཞལ་གྱིས་བཞེས་པ་ལགས་མོད། ད་རུང་བཞུགས་པར་ཞུ་བྱས་པས་ཇོ་བོའི་ཞལ་ནས་ཁྱོད་ཀྱི་ཆོས་མ་ཚར་ན་སྡོད་པ་ལ། ཆོས་ཐམས་ཅད་ནི་ལེགས་པར་ཚར་བས་ང་འགྲོ་ཁྱོད་རང་གི་གསེར་ཕྲི་གསུངས་པ་ལ། ལོ་ཙཱ་བས་གསེར་རྫོགས་པར་དབུལ་དགོངས་ནས་གསེར་སྲང་བཞི་བརྒྱ་ཙམ་རྙེད་ནས་བརྒྱ་མ་རྙེད་པ་ལ་
སྲམ་པ་ཝ་གདོང་བ་ཡིན་
ཟུར་པོ་ཆེ་ཤཱཀྱ་འབྱུང་གནསགཡས་རུ་ཐག་གི་བྲག་རྒྱ་བོ་ལ་ཡང་དག་གི་སྒྲུབ་པ་མཛད་ཅིང་བཞུགས་པའི་དུས་སུ།
སྔར་ཡང་ཆོས་འབྲེལ་ཙམ་ཡོད་
བླ་ཆེན་གྱི་མི་བཏང་ནས་གདམ་ངག་སྦྱིན་གྱིས་ཡར་ཤོག་བྱས་པས། སློབ་མ་ལ་ལ་ན་རེ་བར་ཆད་ཡིན་པས་མི་བཞུད་པར་ཞུ་ཟེར་བ་ལ། ཟུར་ན་རེ་
ཟུར་ཆུང་ཤེས་རབ་གྲགས་ཀྱིས་
སྒྲུབ་པ་བྱས་ཀྱང་ཆོས་དོན་དུ་གཉེར་བ་ལས་མེད། འབྲོག་མི་ལོ་ཙཱ་བ་ཆེན་པོ་ཡིན་པས་ངེས་པར་གདམ་ངག་ཟབ་མོ་མངའ་བས་འགྲོ་ཟེར་ནས། མུ་གུ་ལུང་དུ་བྱོན་
སྔ་ཕྱིར་ཆོས་ཞུས་པ་ཙམ་ལ་
གསེར་སྲང་བརྒྱ་ཙམ་ཕུལ། བླ་ཆེན་གྱིས་བསམ་མི་ཁྱབ་ཀྱི་གདམས་པ་དང་། རྒྱུད་ཀྱི་མངོན་རྟོགས་ཀྱི་བཤད་པ་ཡམ་མེ་བ་གཅིག་གནང་བས་ཁོང་དགེས་ནས། བླ་མ་ཆེན་པོའི་བཀའ་