R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༤༤
[A:༡༤༤]བོའི་རྒྱུན་གྱི། །དམར་བ་འཁོར་བའི་རྒྱ་མཚོ་ལས། །འགྲོ་བ་ཡང་དག་བསྒྲལ་བར་
མཛད་པའི་
མནལ་ལམ་དོན་དང་མཐུན་པ་བྱུང་ངོ་། །རང་ལུས་ལྷ་རུ་ཤར་བ་དེ
འི་སྣང་བ
། །འགྲོ་བའི་
ཉོན་མོངས་པ་ཅན་མ་ཡིན་པའི་
སྒྲིབ་པས་མ་ཐུབ་པར། །
འགྲོ་བ་
ལ་ལར་སྤྱན་རས་གཟིགས་དབང་དུ། །མཐོང་
ཞིང་
གྲོལ་
ནས་
དོན་དང་ལྡན་པར་བྱས་
སོ
། །ཡེ་ཤེས་
ཀྱི་
ལྷ་རྣམས་
ཕྱོགས་
རིས་མེད་པར། །
འགྲོ་བ་རྣམས་ལ་
ཉེ་མོད་
འོན་ཀྱང་སྒྲིབ་པས་ལྡོངས་པ་
གཞན་ལ་ཤིན་ཏུ་
ལྷ་
དེ་
རྣམས
། །རིང་
པ་ལྟར་མི་གསལ་
ཡང་
དེ་ཉིད་ཀྱི་
སྣང་བའི་ཡེ་ཤེས་ཀྱི། །གཟིགས་མོར་སྤྱད་པ་ཙམ་
ལྷ་ཐམས་ཅད་
ལ་གསལ་
བར་གྱུར་ཏོ
། །
ས་དང་པོ་
རབ་
ཏུ་
དགའ་
འི་ གོ་འཕང་ལ་གནས་པ། ངེས་ཕྱིར་རང་གཟུགས་
ཀྱི་བཀོད་པ་
དྲུག་བསྟན་
པ་ནི་མཚར་ཁར་བཞུགས་ནས་ལོ་གསུམ་ཁྲིད་བསྐྱངས་པ། ས་སྐྱར་བཞུགས་ནས་ལམ་འབྲས་གསུངས་པ། གུང་ཐང་དུ་བླ་མ་མལ་གྱི་ཉེ་གནས་མཛད་ཅིང༌། བདེ་མཆོག་དྲིལ་བུ་པའི་ཆོས་གསན་པ། འབྲི་འཚམས་སུ་མགྲོན་ལ་ལྕམ་ལྷ་ཁང་དུ་ནམ་མཁའ་དྲི་མེད་ཀྱི་དཀྱིལ་འཁོར་བཞེངས་ནས་རབ་གནས་མཛད་པ། བཟང་རྟོག་འབྲོག་གསེབ་ཏུ་ལམ་འབྲས་གསུངས་པ་ཤབ་སྒོ་ལྔར་ཆོས་འཁོར་བསྐོར་བའི་བཀོད་པ་རྣམས་ལོ་ཟླ་ཚེས་གྲངས་ཀྱི་དུས་གཅིག་པ་ལ་བསྟན་
ནས། །སེམས་ཅན་བསམ་པ་ཐ་དད་ཡང༌། །ངོ་མཚར
་གྱི་
གནས
་དེ་
ལ་
བསམ་པ་
གཅིག་ཏུ་ བསྐྱལ། །རྒྱལ་བའི་ཕོ་བྲང་རྡོ་རྗེ་གདན་
གྱི
། །བྱང་སྒོའི་སྲུང་མར་སངས་རྒྱས་
ཀྱི་
བཀས། །བསྐོས་པའི་རྡོ་རྗེ་གུར་གྱི་མགོན་
པོ
། །དངོས་སུ་བཞུགས་པའི་འདྲ་འབག་ཅན། །ཡེ་ཤེས་གཟིགས་པས་དམ་པའི་ཆོས། །གང་དུ་དར་བ་བསྲུང་བརྩོན་པར། །སྤྲོ་བ་ཆེན་པོས་ནམ་མཁའ་ལ། །ཆིབས་ཏེ་ཉིད་བསྟན་སྐྱོང་བར་
སྐུའི་རྟེན་བསེ་འབག་ནག་པོ་འཕུར་ཤེས་སུ་གྲགས་པ་དང༌། གསུང་གི་རྟེན་དར་ནག་ལ་ཤཱ་ས་ནའི་སྔགས་བྲིས་པ། ཐུགས་ཀྱི་རྟེན་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་རྣམས་བླ་མ་མལ་ལོ་ཙཱ་བས་གནང་སྟེ་
གནས། །བསྟན་
པ་དང་
འགྲོ་ བའི་མེལ་ཚེར་ཁས་འཆེ་བའི། །ལྷ་གཞན་ངལ་གསོ་བརྟན་པའི་ཁུར། །ཁྱེར་བའི་གཉན་མགོན་དེས་ཀྱང་
ས་ཆེན་གྱི་
བཀའ། །སྤྱི་བོ་ཡིས་ནི་ལེགས་པར་མཆོད། །བསྟན་པའི་བདག་པོ་ས་སྐྱ་པ། །ཡིན་ཕྱིར་ཆོས་ཀྱི་སྲུང་མ་ཡང༌། །མཐུ་རྩལ་ཆེ་བར་གྲགས་པའི་ཚོགས། །དེ་སྲིད་ཉིད་ནས་ཡང་དག་རྒྱུ། །ལུས་མ་སྤངས་པར་ཚེ་འདི་ལ། །མཆོག་གྲུབ་པ་ཡི་སློབ་བུ་བཞི་
ནི་སློབ་དཔོན་བསོད་ནམས་རྩེ་མོ། སྟག་