[A:༡༤༥]བྱང་ཆུབ་སེམས་དཔའ། སིངྒ་གླིང་ནས་འོངས་པའི་ཨ་ཙ་ར། སྒོམ་པ་སྐྱི་འབར་རྣམས་སོ
། །བཟོད་པའི་ཕ་རོལ་ཕྱིན་པ་བདུན་ནི་རྗེ་བཙུན་གྲགས་པ། ཞུ་བྱས་དངོས་གྲུབ། དགའ་སྟོན་རྡོ་རྗེ་གྲགས། ནགས་སྒོམ་བསོད་ནམས་རྒྱལ་མཚན། མཚར་ཁའི་རྣལ་འབྱོར་པ། སྒོམ་པ་བསོད་གྲགས། བྱང་སེམས་ཟླ་བ་རྒྱལ་མཚན་རྣམས་སོ
། །རྟོགས་པར་ལྡན་པ་བརྗོད་ཀྱིས་
མི་ལང་འབྱུང་ངོ་
། །ཁྱད་པར་དུ་
ཕག་མོ་གྲུ་པར་ནི་ས་སྐྱར་ལོ་བཅུ་གཉིས་ཀྱི་བར་དུ་བཞུགས། རྗེ་ས་སྐྱ་པ་ཆེན་པོ་ལ་ལམ་འབྲས་ཡོངས་རྫོགས་གསན་ནས་ལམ་འབྲས་བཤད་མཛོད་མ་ཞེས་པའི་གཞུང་ཆེན་པོ་མཛད། ས་ཆེན་ལ་གསོལ་བ་བཏབ་པས་འཇམ་དབྱངས་བྲག་ཁུང་དུ་སྒྲུབ་ཆུ་འོ་མ་འདྲ་བ་ཡང་བཏོན་ཞེས་དེ་ལྟ་བུ།
གྲགས་པའི་རང་
གཟུགས། །བཀའ་བརྒྱུད་ཀྱི་བསྟན་པའི་
མེ་ལོང་ངོས་ཡངས་སུ། །གསལ་བར་
ཤར་བ་དེའི་ཡང་རྒྱུ་ཡི་མཆོག་དེ་གང་ཡིན་ན
། །ཡོངས་འཛིན་ས་ཆེན་
འདི་ཡི་གསུངས་ལས་སྐྱེས་པས་གྲོལ་བའོ
། །མཐར་ནི་དག་པའི་ཞིང་ཁམས་བདེ་བ་ཅན། པོ་ཊ་ལ། ཨཽཌྱན། བྱང་ཕྱོགས་གསེར་མདོག་ཅན་དང་
བཞིར། །སོ་སོའི་སྟོན་པ་
སྐུ་བཞིའི་རྫུ་འཕྲུལ་དང་བཀོད་པ་
བསམ་གྱིས་
མི་ཁྱབ་པ
། །གསལ་བར་རྫོགས་པའི་སངས་རྒྱས་དང༌། །གཉིས་སུ་མེད་པར་དེར་རབ་ཏུ་
སོང་ངོ་
། །དང་པོར་ས་ཆེན་ཀུན་དགའ་སྙིང་པོ་
དེ་ཡི་ཡུམ་དང་སྙོམས་འཇུག་ཏུ། །དགའ་བ་བཅུ་དྲུག་རྫོགས་པའི་དེ་ཉིད་འོད་ཀྱི
། །སྣང་བ་ཡེ་ཤེས་ཀྱི་
ཁམས་གསུམ་གྱུར་པ་དེ་
ཡི། །སྤྱི་བོར་བདེ་སྟོང་
ལྷན་ཅིག་
སྐྱེས་པའི་
རི་བོང་ཅན་ཡི་གེའི་རྣམ་པ་དེ་ལྟེ་བར་ཙཎྜཱ་ལའི་མེ་
ཧཾ་འཛག །བདེ་ཆེན་བདུད་རྩི་ཟེགས་མའི་རོ་བྲོ་བ། །རབ་ཏུ་
དང་བའི་
མངར་བའི་དཔལ་གྱིས་སེམས་ཅན་
ཕན་པ་ལྷུར་ལེན་གྱི་རྒྱུན། །རིགས་ཀྱི་ཆུ་བོ་སྟེ་སྐུའི་སྲས་
རྣམ་བཞི་ཆོས་ཀྱི་
འཁོར་ལོ་ཉིད་
དུ། །གཡས་སུ་བསྐོར་བའི་སྒོ་ནས་དལ་བབ་པ། །ས་ཆེན་གྱི་སྲས་བཞི་དང་མ་དྲོས་པའི་ཁ་འབབ་བཞི་སྦྱར་བས་སྦྱར་རྒྱན། དེ་ཡང་ས་ཆེན་ལ་ཇོ་མོ་ཆེ་ཆུང་གཉིས་ཡོད་པ་ལས་ཆུང་བ་ཇོ་ལྕམ་ཕུར་མ་ལ་སྲས་
ཀུན་ཏུ་མཁས་པའི་བྱ་བར་དགའ་བའི་ མཐུ། །འབར་ཞེས་བྱ་
བ་དེ་ཡང་འཇིག་རྟེན་གསུམ་གྱི་གདུང་བ་རབ་ཏུ་
བསིལ་བར་བྱེད་པ
འི། །དྲི་མེད་གངྒཱ་གླང་ཆེན་གྱི་
ཁ་འབབ་མ་དེ་ནི
། །རིག་ལམ་དངུལ་གྱི་བྱེ་མ་འདྲེན་བཞིན་དུ། །འཁོར་བའི་སྡུག་བསྔལ་སྤོང་བ་ཕུན་སུམ་
ཚོགས་པའི་
སྨན། །འཆི་མེད་རྟག་པ་ཉིད་དུ་བྱེད་པ
འི་རྒྱུད་ནི་གཅིག་པ་ལས། །གཞན་ལ་
ཕན་པའི་
སྙིང་རྗེས་བརླན་པ་
དེ་ནི་
ཁམས་གསུམ་གྱི། །སྲིད་པའི་ལམ་གསུམ་པའི་
དོན་དུ་བགྲོད་པ་ལ་
མི་ངལ་སྐྱེས་བུ་འདི་དང་གངྒཱ་གཉིས་ཀར་