[A:༢༨༧] །བརྒྱ་བྱིན་དབུ་རྒྱན་ཉིད་རང་དང༌། །ས་བླའི་གནས་ན་མཉམ་མཛེས་
ལམ་རྣམ་པར་དབྱེ་བ་ལས་བཤད་པའི་མཛེས་པའི་ཡོན་ཏན་གྱི་རྒྱན་གཽ་ཌ་པའི་ལུགས་
པ། །ལྷ་དང་མིའི་སྲིད་གཉིས་སྐྱེས་ཀྱི། །རྒྱལ་པོའི་མཚན་ཉིད་ཀུན་རྫོགས་པའི། །དཀྱིལ་འཁོར་དྲི་མེད་རིགས་སུ་མཐོ། །དབང་ཕྱུག་གཙུག་ན་སྤ་བར་གནས་རྒྱལ་པོ་དང་ཟླ་བ་གཉིས་ལ་སྦྱར་བས་སྦྱར་རྒྱན
། །སྲིད་གསུམ་ལེགས་བྱས་ཕུང་པོ་མཐའ་དག་ས་སྟེང་གི་རྒྱལ་པོ་
འདིར། །གཏད་རབས་རྫོགས་མཐའ་མེད་པ་ཡི། །ཕྲེང་བ་འཆི་མེད་ལམ་རིང་ལ། །ཅོ་འདྲིའི་གཡུང་དྲུང་ཐིག་ལེར་འཁྱིལ། །རིག་པའི་གནས་ཀུན་ཤེས་པས་རྟོགས། །སྒྱུ་རྩལ་རྩེ་འཇོས་ལུས་སུ་བརྒྱན། །ཡོན་ཏན་ཚོགས་རབ་རྒྱ་ཆེ་བ། །མཐུན་པར་འགྲོག་པའི་ལུས་
རྟེན་དུ་
གྱུར་པ་དོན་གཞན་བཀོད་པའི་རྒྱན་
ཏེ། །ངག་གི་དབང་ཕྱུག་ཐོབ་པའི་མཁས་པ་དང༌། །འཇིག་རྟེན་གསུམ་ལ་དབང་ཕྱུག་འབྱོར་བའི་གཏེར། །གྲགས་པའི་སྒྲོལ་མ་ཁྲོ་གཉེར་ཅན་འཁྲུངས་ནས། །སྤང་བྱ་ཕྱིས་མི་ སྐྱེ་བའི་བརྟུལ་སྤྱན་རས་གཟིགས་དང་རྩོམ་པ་པའི་མཚན་དཔེ་ལ་སྦྱར་བས་སྦྱར་རྒྱ
ན་ཕོད་ཅན། །ལེགས་པར་བཤད་པའི་ཡིད་བཞིན་ནོར་གྱི་བུ། །གཏིང་མཐའ་དཔག་ཏུ་མེད་པའི་ལྷུམས་ཉིད་དུ། །ཞུགས་པའི་ཡོན་ཏན་རྒྱ་མཚོ་ཆེན་པོ་ལ། །མངོན་པའི་ང་རྒྱལ་ཀུན་ནས་ནུབ་གྱུར་ཡང༌། །གང་ན་སེམས་དང་བྲལ་བའི་བེམས་ཆོས་ལ། །ཤེས་པར་ལྡན་པའི་དོན་མེད་ཅན་སྒྲུབ་པ། །ཇི་བཞིན་བླུན་པོ་རྣམས་ཀྱིས་མཆོད་བྱ་བའི། །ཡུལ་ལ་མེད་པའི་སྒྲོ་བཏགས་བསྔགས་བརྗོད་འདོད། །མཁས་ཚུལ་སྡེབ་སྦྱོར་
བྲྀཏྟ་ཛ་ཏིའི་མེ་ཏོག་གི །ཟས་ཅན་ཁྱུ་ལས་ཡར་བའི་ཉི་ཚེ་བ། །སྦྲང་མ་གྲོང་པའི་སྐད་ཀྱིས་མུ་ཅོར་གླུ། །སྙན་པར་རློམ་ལ་མཚར་བའི་གད་མོར་ཤོར་ཏེ
། །དེས་ན་
འགྲན་ཟླ་ཤཱཀ་ཐུབ་ཀྱིས་ཀྱང་གང་གི་
མཁྱེན་པ་ལ། །མཚུངས་དཀའ་ཚད་མའི་མགོན་པོ་ས་སྐྱ་པ། །ཀུན་དགའ་རྒྱལ་མཚན་ཞབས་དག་ཅིས་མི་བསྟོད་དེ་བསྟོད་པར་རིགས་སོ
། །སྙམ་པའི་བློ་ནི་མི་སྡོད་དེ་ཅན་རྒྱུག །ཨེ་མའོ་དེ་ཡི་རྟོགས་པ་