[A:༢༨༦]ཟད་མི་ཤེས་པའི་དབྱངས་ལྡན་གླུ། །ཐམས་ཅད་སྟོན་པའི་
སྦྱར་རྒྱན་
ཡུལ་དུ་བསྒྱུར་མཁས་པས། །སྒྲིབ་པའི་གཤེད་དུ་དབབ་པའི་བདེ་གཤེགས་ཀྱི། །སྙིང་པོ་ཀུན་ལ་ཡོད་པར་མཐོང་བས་སྒྲ། །མ་བསྙོན་དོར་གྱི་རྒྱན་
ཡིན་ཆོས་ཀྱི་མིག་ནི་གྲངས་མེད་པ། །སྦྱིན་པའི་ཕ་རོལ་ཉིད་དུ་ཕྱིན་གྱུར་ལ། །ཞི་ལ་མངོན་སྦྱོར་དགེ་བའི་ཚོགས་ཀྱི་བཅུད། །རྫོགས་པའི་སངས་རྒྱས་གསོ་བའི་རིག་པ་འདི། །བགོས་སྐལ་བཞིན་དུ་ཐོབ་པའི་ས་སྐྱ་པ། །སངས་རྒྱས་ཀྱི་
བསྟན་པའི་བདག་པོ་
ཅེས་བརྗོད་པའི་ཡུལ་མ་ནོར། །དེ་ཉིད་དོན་དང་ལྡན་པའི་ཡོན་ཏན་དོན་གཞན་བཀོད་པའི་རྒྱན
་མང༌། །སྡུག་བསྔལ་ས་འོག་བྱིང་བའི་འདྲེན་པ་བྱེད། །འགྲོ་ཀུན་སྔོན་འཚང་མ་རྒྱས་བར་དག་ཏུ། །ལྷན་ཅིག་གནས་པའི་ཕྲེང་ལས་ཡོལ་བ་ལྷན་ཅིག་བརྗོད་པའི་རྒྱན་
མེད། །ཆོས་དང་སྲིད་པ་གཉིས་སུ་མི་བྱེད་པའི། །དཔལ་གྱི་འབྱོར་པ་ཆེན་པོའི་མགུར་གཅིག་ལས། །འོངས་པའི་སྒྲ་དོན་བཟང་པོས་ཁམས་གསུམ་པ། །རྗེས་སུ་འཛིན་པའི་བསྐལ་པ་འདི་བཟང་ངོ། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱི་བོ་མ་ལུས་ནོན་པའི་སྐྱིལ་མོ་ཀྲུང༌། །མཁའ་ཁྱབ་བར་དུ་བཅས་པའི་ཞབས་ལ་སངས་རྒྱས་ཀུན་གྱིས་ཕྱག་བྱས་པའི། །གཙུག་ཏོར་དྲི་མེད་འོད་ཟེར་རིང་པོས་གང་གི་བླ་ན་གཞན་ཕུལ་བྱུང་གི་རྒྱན་
མེད་པ། །ངེས་པའི་ཡི་གེ་གཙང་མའི་རིས་སུ་བཀོད་པའི་ཕྲེང་བ་ཡོངས་སུ་སྨིན། །འཇམ་དབྱངས་མིའི་སྲིད་པ་འཛིན་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་བརྗོད་པ་བསྐལ་པ་བཟང་པོའི་ལེགས་ལམ་ལས། ཞལ་སྐྱེས་སློབ་མའི་མཆོག་མཁས་ཤིང་གྲུབ་པ་བརྙེས་པ་དང་ཕྲིན་ལས་རྒྱུན་མི་ཆད་པའི་སརྒ་ད་བཅུ་གཉིས་པའོ།། །།འཛམ་གླིང་ས་གཞིར་མཐོ་རིས་ཀྱི། །མཛེས་པར་བརྒྱན་ལ་ཡ་མཚན་ནས། །དེ་འཛིན་ས་ལ་ལེགས་བྲིས་གཙོ། །བརྒྱུད་པ་རིན་ཆེན་དྲི་མེད་པས་སྒེར་དཀར་དུ་གྲགས
། །མི་རྗེ་ལྷས་སུ་བྱེད་པའི་མཐུ། །གནམ་གྱིས་བྱིན་པའི་ཅོད་པན་རྩེ་ མོ་ཤིན་ཏུ་མཐོ་བས
།