R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༥༠
[A:༡༥༠]བའི་ཕྱིར་ན་
བླ་མ་
ཉིད་སྤྱན་འདྲེན་
པ་
ལ་འོངས་
པས
། །
ཕྱོགས་
རིས་མེད་
པའི་
བྱམས་ངོར་ཁྱོད་ཀྱིས་གསན་པ
ར་འོས་པར་པ
འི་རིགས། །སེམས་ཅན་ཀུན་
གྱི་
དོན་
དུ་
སྔོན་ཆད་
སུའི་ཀྱང་
སྒོ། །མ་ཕྱེ་
བའི་
གྲོས་
ནི་འགྲོ་བ་ལུས་འཚང་རྒྱ་བའི་ཐབས་ཚུལ་ཁྱད་པར་ཅན་ཏེ་དེ་ཉིད་
ཀྱི་གསང་བའི་མཛོད། །འཛིན་པར་རྒྱལ་བའི་དགོངས་པ་རྣམས། །མཐུན་པར་དབང་བསྐུར་
དེ་བཞིན་དུ་
དམ་བཅས་ཏེ། །
ཁྱོད་ཀྱི་
མཐུ་སྟོབས་དབང་པོའི་ལག་ཉལ་
རྡོ་རྗེ་
གྱིས། །འཕྲུལ་པའི་རི་བོ་
ཕྱོགས་མེད་དུ་རྒྱུག་པ་ཐམས་ཅད་
མ་བཅོམ་
པ་
མེད། །འོན་ཀྱང་འཁོར་བའི་རྒྱ་མཚོ་ཆེས་
ཆེར
། །ཡངས་པར་བྲོས་པ་འདི་གཟིགས་སམ་
ཞེས་པ་སྔོན་གྱི་དུས་ན་རི་རྣམས་འགྲོ་འདུག་བྱེད་པས་སྐྱེ་བོ་མང་པོ་འཛོམས་པ་ན། བརྒྱ་བྱིན་གྱིས་རྡོ་རྗེས་བསྣུན་ནས་རྐང་པ་བཅད་པས་དེ་ཚུན་འགྲོ་མ་ཤེས་སོ། །མཱི་ན་ཞེས་པའི་རི་ནི་བྲོས་ནས་རྒྱ་མཚོའི་ནང་ན་ཡོད་དོ་ཞེས་རིག་བྱེད་ཀྱི་གཏམ་རྒྱུད་ལས་བཤད་པ་དང་སྦྱར་རོ
། །དེ་ལྟར་
འདོད་པའི་དོན་
རེ་བའི་རྩ་བ་ཞིག །
ཁྱོད་ལ་
བཙུགས་སོ་འབྲས་བུའི་དུས་ལ་བབ་
པ་ཡིན་པས
། །ལྷ་གཅིག་
ཁྱོད་ཀྱིས་མི་སླུ་བར་མཛོད་ཅིག་
དེ་ལས་
གཞན་དུ་ཁྱོད་ལྟ་བུས་
བསླུས་
པར་
གྱུར་པའི་
ཕྱིར་ན
། །
མི་བསླུ་བའི་
དམ་བཅས་སྲིད་
པ་འདི་
ན་
གང་ཟག་
སུ་ཡིས་བཟུང་
སྟེ་མ་གཟུང་མཁན་མི་རྙེད་དོ་འགོག་རྒྱན
། །ཉམ་ངའི་གཡང་ལ་འཆེལ་བ་
དགོས་པས་
སྟེ། །བདེ་བའི་ཐང་ལ་
འཆེལ་བ་
དེས་ཅི་བྱ་
སྟེ་དགོས་པ་མེད་དོ
། །
དེ་བཞིན་དུ་
འགྲོ་
བ་རྣམས་
ལ་
ཁྱོད་ཀྱིས་
འདྲེན་པ་
མི་མཛད་ན་
མངོན་དུ་སངས། །རྒྱས་
པ་རྣམས་
ལ་གང་གི་
སྟེ་འདྲེན་པས་
ཉེར་མཁོ་
འགོག་རྒྱན་
མེད་
དོ
། །ནག་ཕྱོགས་
ཀྱི་
མཚན་མོས་ཁ་
ཡོངས་སུ་
བསྡམས་པའི་
ནང་དུ་མ་ཆུད་ཅིང་
། །གྲང་རེག་
དང་ལྡན་པའི་
པདྨོའི་ཡུལ་བར་ནི། །འཁྱགས་
པས་རབ་ཏུ་
གདུངས་
པའི་
བུང་བ་
འདར་སྐད་ཀྱི་
སྒྲ་འབྱིན་པར་
བྱེད་པ་ལ
། །རྗེས་
སུ་
བརྩེ་
ར་མཛོད་ཅིག་སྣང་བའི་གཏེར་
དོན་མཐུན་པར་གབ་ཚིག་གི་རྒྱན
། །
དེ་སྐད་ཅེས་
ཞུས་ཤིང་
ཡོངས་འཛིན་
དེས་ཀྱང་ཆོས་
ཕྱིས་ས་སྐྱ་པཎྜི་ཏའི་
ཀྱི་ཉེར་བསྟན་འོད་
ཀྱི་ཉིན་བྱེད
། །རིམ་གྱིས་འཇུག་པའི་ཕོ་ཉ་དང་པོའི་འཕྲིན་
བཞིན་དུ
། །ཡ་མཚན་
གྱི་སྣང་བ་
མགུར་དུ་བླངས་པའི་ཁྱུང་སྔོན་སྐྱེས་
ཏེ་སྐྱ་རེངས
། །དཀར་པོའི་འཛུམ་གྱིས་
ལེགས་པར་
ཕྱེ་བའི་
འདི་སྐད་
བཀའ་སྩལ་པ། །འདོད་ལྷས་
འཕངས་པ་
མ་ཡིན་
པའི་
འགྲོ་ལ་ཆགས་པའི་མདའ། །
ཕྱོགས་
རིས་མེད་
པའི་
ལྟོང་ཅན་སྙིང་ལ་ཟུག་པ་ཡི། །ཟུག་རྔུ་དྲག་པོས་
ར་སྐྱེས་པ་
སྲིད་པའི་སྲོག་
གི་རྩ་བ་ཁྱད་པར་གྱི་རྒྱན་
འཕྲོག་
པར་བྱེད་པའི་ཁྱད་ཆོས་དང་ལྡན་
པ། །
རྣམ་པར་
དག་པའི་སེམས་ཀྱིས་བཟོད་པ་ཐོབ་
ཟིན་
མོད་ལ། །གཞོམ་མེད་རྡོ་རྗེའི་སྐུ་དེ་ངས་བརྙེས་ཀྱང༌། །རྣམ་པ་འགྲོ་བའི་མིག་གི་རྗེས་མཐུན་
ཙམ་
དུ། །ཉེར་ལེན་ཕུང་པོ་མི་རྟག་
པའི་
ཆོས་ཉིད་ཅན་
དུ་བསྟན་པ་འདི་ཉིད
། །བཞི་པའི་
སྟེ་རྣམ་པ་
གནས་སྐབས་ལ་ནི་བབས་ཀྱིས་གཞོལ། །སྐྱེ་བའི་ཆུ་བོ་ཡིད་འོངས་བདེ་
བར་
འགྲོ་
གངྒཱ་
མ། །འདི་ཡི་དག་