R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༤༩
[A:༡༤༩] ཏུ་བཟང་པོའི་གདན་ལ་བསྟི་བ་ན། །
ཁྱིམ་
བཅུ་གཉིས་
ཀྱི་
བདག་པོ་
ཉི་མ་དེ་
འགྲོ་བ་ངལ་གསོ་
བར་བྱེད་པ
འི་གླིང༌། །གཅིག་ཏུ་མ་ངེས་
པར་
རིས་མེད་ཀུན་
ལ་
ཕན་
པར་
འདོད་
ནས
། །སྣང་བའི་འོད་ཟེར་སྟོང་གི་ཐུར་མ་ཡིས། །ནུབ་ཕྱོགས་མཚན་མོས་ལོང་རྣམས་འབྱེད་
དུ་
སོང་
བའི་
ཚེ། །ཉེ་བའི་སྲིད་ཞུ་བ་དེའི་
ཉེ་གནས་
མཐོང་ལམ་དུ། །རྨིག་པ་གློག་
ལྟ་བུར་
རབ་
ཏུ་
འགྱུ་བའི་འདེགས་འཇོག་རེར་
ཡང་
། །བསྐལ་པའི་རླུང་གི་རྡུལ་ཚུབ་
ཀྱི་
སྤྲིན་ཤུགས་ཅན། །རྟ་པའི་ཚོགས་ཀྱིས་ས་གཞི་དོག་པ་ཞིག །ཆགས་ཐོགས་མེད་པར་མཐོན་མཐིང་ནོར་བུ་ཡི། །བྱ་སྐྱིབས་རིན་ཆེན་མཛེས་པའི་ཕུག་པར་སོང་
བ་ན
། །སྟོང་གསུམ་ཡུངས་འབྲུར་འཇུག་པའི་གཏམ་ཙམ་ཉིད་
ཐོས་པ
། །མངོན་སུམ་ཇི་བཞིན་
དུ་གྱུར་པ་
དེ་ལ་སླར་བལྟས་དུས། །
རྟ་ལ་
དེ་ཀུན་རྣམ་པ་སྲིད་པའི་ཞིང་ས་ལ། །ལས་ཀྱི་གཤིན་རྗེའི་ས་བོན་བྱེད་པོ་ཡིས། །བཏབ་ལས་སྐྱེས་པ་དཔའ་བོ་ཧོར་ཞེས་པའི། །ཆ་ལུགས་ཉིད་ཀྱིས་གནས་པའི་ཁྲོད་དེ་ན། །ཁ་དོག་དུང་དང་ཟླ་བ་པད་རྩ་ལས། །བརྐུས་པའི་ཁྱེའུ་དཀར་པོ་ལྷ་རྫས་ཀྱི། །གོས་ཅན་གཡུ་ཡི་ཟུར་ཕུད་ལྔ་པ་ཡི། །བརྡ་སྤྲོད་སྐད་ཀྱི་ངེས་པ་གཉིས་སུ་བསྒྱུར། །སྐྱབས་གཅིག་
ཞེས་བོད་ནས་
ཐུགས་རྗེའི་ཡལ་ག་ཕྱོགས་མེད་དུ། །བརྐྱང་
པ་
དེ་
ལ་
མ་ཚང་མེད་པའི་འབྲས་བུ་ཅན། །བསྐལ་
པ་
བཟང་
པོ་འདིའི་
ས་ཡི་རྒྱན་དུ་ལྷ་ཡི་ཤིང༌། །ཁྱོད་
ཉིད་
ཞེས་རིང་ནས་རྣ་བའི་བཅུད་ལེན་
དུ
་གྱུར། །ཡུལ་ན་
ཟླ་བ་དང་ཙནྡན་ག་བུར་སོགས་
བསིལ་བའི་ཁྱད་པར་མང་ཡང་འདྲ་
མོད
། །ངན་འགྲོའི་
སེམས་ཅན་
གདུང་བ་མ་ལུས་བདེན་མེད་དུ། །མངོན་པར་རྟོགས་པའི་ཉེར་འཚེ་ཤིན་ཏུ་མཐོ་
བའི
། །གྲིབ་ཤིང་ཆོས་དང་མཚུངས་པ
འི་བསིལ་བ་ཁྱོད་ལས་
གཞན་ཅི་ཞིག །འདོད་པའི་ལོངས་ལ་སྤྱོད་བྱེད་དབང་པོ་ཡི། །ཚོགས་
རྣ་བ་ལ་སོགས་པ་
གཞན་
བཞི་པོ་
ཀུན་ལས་ཡ་མཚན་རྒྱ་ཆེ་
འི་
དབང་པོ་ནི་
མིག །
ཇི་སྲིད་ན་
དགའ་བའི་རང་བཞིན་
གང་མཆིས་པ་དེ་དག་
ཅིག་ཅར་སྤུངས་པའི་གཟུགས་
སུ་གྱུར་པ
། །མཐོང་བའི་མོད་
ཉིད་
ལ་བླ་
ན་
མེད་
པར་
རྫོགས་
པའི་
བྱང་
ཕུལ་བྱུང་གི་རྒྱན་ཆུབ་ཐོབ་པ་བླ་མ་ཁྱོད་ལྟ་བུ་མངོན་སུམ་དུ་གསལ་བའི་ཕྱིར་རོ
། །དེ་སླད་ཧོར་གྱི་རྒྱལ་ཁམས་
རྣམས་
དུག་གསུམ་གྱི། །ལོངས་
ལ་
སྤྱོད་
པའི་
སྡིག་པའི་ནགས་
ཚལ་དེ་དག
་ལ་སྡང་བའི་མེ་
དཔུང་ཆེན་པོ
། །སྤར་