R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༥༢
[A:༡༥༢]ལྟད་མོ་ཡིས། །
སེམས་
གཡེངས་བའི་
དབང་གིས་
ལུས་ལ་བདག་འཛིན་སྤངས་པ་ལས། །རྒྱུ་སྐར་
གྱི་
དོ་ཤལ་ཟེགས་པ་སྲིད་པའི་མིག་
རབ་ཏུ
། །ཕྱེ་བའི་
སྟེ་ཉི་མ་
འོད་ཟེར་བརྒྱ་ཡིས་འཚེལ་བཞིན་
ཉི་མ་ཤར་བས་རྒྱུ་སྐར་མ་མངོན་པ་ལ་གཞན་དུ་སྒྲོ་བཏགས་ཏེ་བརྗོད་པས་རབ་རྟོག་གི་རྒྱན་
ཚེ། །སེམས་ཀྱི་རྫིང་བུ་གཙང་བྱེད་
དེའི་
བཀའ་དྲིན་གྱི། །སྟོན་ཀའི་དཔལ་མོས་འཁྱུད་
པར་མཛད་པས་ཡིད་ཀྱི་ཆུ་བོ་རྙོག་མེད་དུ་བྱས་
པ་ཉེ་བའི་འཁོར་
ན་གནས་པ་དེ་ཉིད
། །
བླ་མའི་
མདུན་སར་ཞུགས་ལ་
འདི་སྐད་གསོལ་པ་
ཀཱ་ཡེ་ཁྱོད་
ཀྱི་
ཞབས་
དྲུང་ན་
དེང་
དུས
། །མི་མིན་མི་ཡི་ཚུལ་
དང་ལྡན་པ་མང་པོ་འདུག་པ་
རྣམས་སུ་ཞིག་ལགས། །ཞེས་
ཞུས་པ་
ལ་
འདི་ལྟར་བཀའ་ལུང་སྩལ་པ་
ཐར་པ་ཟ་བར་
བྱེད་པ་ལ་
མི་ལས་ཀྱང༌། །ལྷ་རྣམས་རིངས་པའི་ལྟད་མོའི་ཟེར་མ་
དེ་
ནི། །མཐོང་ངམ་དེ་ལ་ཁྱོད་ཀྱིས་བལྟ་བའི་ཡུལ། །མིན་ཏེ་
འོན་ཀྱང་
དམ་ཚིག་མཆོག་གི་སྤ་པས་ཉོན། །འདུས་བྱས་རང་བཞིན་བག་ལ་ཉལ་མངས་སུ། །སྐྱེས་
པ་
དང་རྐྱེན་བྱུང་ཁས་བརྗོད་
པའི་སྒྲ་
སྐད་ཙམ་དུ། །མ་ཟད་སེམས་ཅན་ཀུན་གྱི་སྙིང་གི་སྒྲ་
ཐམས་ཅད་ཀྱང་
། །རྒྱལ་བའི་རྣ་བ་ཆེན་པོ་འདིས་རིག་
པ་ཡིན་
ཀྱང༌། །
ཁོ་
རང་
གི་
བློའི་སྲང་ལ་གཞལ་
བར་བྱས
་ཏེ་ཧོར་
སྐད་རིགས་མི་མཐུན་པའི་ཕྱིར་མ་གོ་བའི་དོགས་པ་དང་བཅས་
ཡུལ་དུ། །བདག་སྤྱན་འདྲེན་ལ་གནམ་ཐེ་དཀར་པོའི་ངོར་
ཞུ་བའི
། །དྲི་ཟའི་རྒྱལ་པོ་གཉན་ཆེན་ཐང་ལྷ་ཁྲིད་
ནས
། །ལོ་ཙཱའི་ཚུལ་དུ་སྨྲ་བ་ཡིན་
པ་
འདུག་གསུང༌། །
གཙང་སྙེ་མོ་རུ་མཚམས་སུ་
ལ་ལར་ས་དྷཱུ་ཏཱིར་
ཞེས་པ་རྩ་རོ་རྐྱང་གཉིས་དབུ་མའི་ནང་དུ་
རྣམ་
པར་
དག་པའི་
ཡོན་ཏན་གྱི
། །
ལུས་ངག་ཡིད་གསུམ་མ་དག་དྲི་མས་
དབེན་
པ་
གསུམ་
ལས་སྐྱེས་པའི་
བདུད་རྩིས་མྱོས་པའི་
ཡེ་ཤེས་སྟུག་པོའི་
གཉིད་ཡུར་
དུ་གྱུར་པའི་
ཚེ། །
རྨི་ལམ་འོད་གསལ་ཆེན་པོའི་གསལ་སྣང་དུ་
རྒྱུ་
བ་
དང་མི་རྒྱུུ་
འི་
སེམས་ཅན་གྱི་
མགོན་པོ་མཚུངས་
པ་དང་
བྲལ་བ། །ས་ཆེན་ཀུན་དགའ་སྙིང་པོ་
དེ
འི་ཞལ་ལུང་ལས། །
ལམ་འབྲས་ཤིན་ཏུ་ཉེ་བརྒྱུད་བརྡ་དོན་གསལ་བར་གྲགས་པའི་རྩ་བ་
བྱང་ཆུབ་སེམས་ཀྱི་བདག་པོའི་ངོ་བོ་ཉིད་
དུ་གྱུར་པ
། །
དོན་དམ་
ཆོས་ཉིད་འགྱུར་བ་མེད་པ་
དེ་ཉིད་
གདན་དུ་བཏིང་
པར་བྱས
། །དངོས་
པོ་
མེད་
དུ་
འཆིང་བའི་རྒྱལ་
ཤིན་ཏུ་
ཐབས་མཚར་ཆེ་བ། །འབྱུང་བ་རླུང་ལ་སྦར་མོས་བཟུང་
བར་
བྱས་ཏེ། །གཏུམ་མོའི་མེ་ཡིས་
དཔུང་བསྐྱེད་པར་སླ་ཤིང་རེ་
བཞུ་བའི་
ཀུནྡ་
བྱང་ཆུབ་
སེམས་ཀྱི་
ཆུ་
རྒྱུན
། །དབུ་མར་བཅུག་ལས་
ལ་
སོགས་
པའི་འབྱུང་བ་
དབང་དུ་བསྡུ་
བར་བྱ
། །ཡེ་ཤེས་ལྔ་ཉིད་མངོན་དུ་གྱུར་པ
འི་མཐུ་
ལས། །འཆི་མེད་
མྱང་འདས་
ཞི་བ་ཆེན་པོའི་གནས་འཐོབ་བོ།