[A:༡༥༣] །ཞེས་པར་བརྗོད་པའི་ཚིག་གི་ལམ་པོ་ཆེར། །མཚན་དཔེས་བརྒྱན་པའི་སངས་རྒྱས་ཀུན་བྱོན་པ། །ཆོས་ཀྱི་འབྱོར་པ་ཇི་སྙེད་ཁྱོད་ལ་ངས། །སྔར་བསྟན་པ་ཡི་སྙིང་པོ་འདིར་འདུས་གསུང་
པའི་མནལ་ལམ་བྱུང་ངོ་
། །དེ་བཞིན་དུ་མང་མཁར་ཚ་ལུང་དུ་བཞུགས་པའི་དུས་མནལ་ལམ་ལ་
སྒྲིབ་པ་ཀུན་
དང་བྲལ་བ་ཡེ་ཤེས་ཀྱི། །མཁའ་འགྲོ་མ་
འབྲུག་གི་བུ་མོ་སྔོ་བསངས་མ་གཅིག་གི
ས། །དག་པ་མཁའ་སྤྱོད་ཀྱི
་གནས་སུ་བྱོན་ཞེས་པའི། །མགྲིན་པའི་སིལ་སྙན་འཁྲོལ་བ་
དང་ལྷན་ཅིག་ཏུ། །རང་བཞིན་གྱི་
དྲི་མས་སྟོངས་པའི་ཤེལ་གྱི་སྐས་པ
། །ཁ་དོག་
སྣ་ཚོགས་པའི་
ཚོན་རིས་
བརྒྱ་ཕྲག་
གསལ་བར་འཛིན་པ་གཅིག་
བཙུགས། །ཟླ་བ་ནོར་བུའི་རྡོ་ཡི་རྐང་སྟེགས་མཆོག་ཏུ་གྱུར་པ་ཅིག
།རིན་ཆེན་མྱུ་གུའི་འདབ་མ་དང་
ལྡན་པའི་ནེའུ་སིང་གི་སྟེང་དུ་
བཀོད་ནས་འདིའི་ཁར་ཞབས་བཞག་ན་མཁའ་སྤྱོད་ལ་འགྲོ་བ་ཡིན་བརྗོད་
པ་ན། །མཁའ་འགྲོ་མ་དེ་ལ་འདི་སྐད་དུ་
རྒྱལ་བའི་བཞེད་པ་ངོ་མཚར་ཅན་མང་པོའི་
དུ། །ཞུགས་པར་གྱུར་པ་
ང་ནི་
སེམས་ཅན་གྱི་
དོན་འབའ་ཞིག །སྒྲུབ་པའི་
ཕྱིར་དེ་ལ་མཁའ་སྤྱོད་ཀྱིས་ཅི་བྱ། །དེ་སྐད་གསུང་དུ་འཇོ་ཞིང་རྡོ་ལེབ་དེའི་སྟེང་དུ་
ཞབས་མ་བཞག །ཡང་ནི་མནལ་ལམ་དུ་
ཡབ་གཅིག་ས་ཆེན་ཀུན་སྙིང་དེ་
རིགས་རྣམས་ཀུན་གྱི་གཙོར་གྱུར་པ་ལ
། །བྱང་སེམས་ཉེ་བའི་སྲས་
བརྒྱད་ཀྱིས་བསྐོར་བའི་གཡས་ཕྱོགས་སུ། །བཅོམ་ལྡན་ཀྱེ་ཡི་རྡོ་རྗེ་ལྷ་དགུ་དང༌། །གཡོན་དུ་སྟོན་པ་ཤཱཀྱ་ཐུབ་
པ་འཁོར་དང་བཅས་པ་
བཞུགས་གསལ་བ་
ལ། །བུ་གཅིག་ཅེས་རྗེ་བཙུན་གྲགས་པ་ལ་བོས་ནས་ཁྱོད་
རབ་ཏུ་འབྱུང་བ་
དང་དབང་ལེན་པའི་
ཡུལ། །སུར་བགྱིད་ཅེས
་དྲི་བར་མཛད་པ་ལ་བདག་ལ་དེ་དག་གི་ཡུལ་
ཆོས་ཀྱི་རྗེ་ཁྱོད་
ཉིད་ལས། །གཞན་པ་མེད་པར་ཞུས་ཤིང་དེས་ཀྱང་
དེ་དེ་
བཞིན་ནོ་ཞེས་བྱ་བ
འི། །བཀའ་ཡིས་རྗེས་སུ་གཟུང་བའི་དབུགས་དབྱུང་སྩལ་ལོ
། །དེ་ནས་བདེ་བ་ཅན་ཏེ་ཞེས་བྱ་སྟེ་
རིན་ཆེན་རང་བཞིན་གྱི་
ས་གཞི་ལ། །ནོར་བུའི་ལྗོན་པ་དང་ནི་དྲི་མ་
མེད་པའི་ལྷས་རྫས་ཀྱི་
གོས་མཆོག་ཏུ་གྱུར་པ་དང་
དབུ་རྒྱན་དང༌། །ལྡ་ལྡི་དང་
དྲ་ཕྱེད་དང་
དྲིལ་བུ་གསང་བའི་སྒྲ་དང་
ལྡན་པ་རྣམས་
ས་པཎ་ལ། །ཕྱག་གིས་མངོན་སུམ་བསྟན་ནས་དང་པོར་སྟེ་རེ་ཞིག་བདེ་བ་ཅན་གྱི་
ཞིང་ཁམས་དེར་གཤེགས་པར་མཛད་
ཏེ། །ཡུན་མི་རིང་བར་བྱང་ཕྱོགས་
གསེར་གྱི་མདོག་ཅན་གྱི་
ཞིང་ཁམས་སུ
། །དེ་བཞིན་གཤེགས་པ་གསེར་འོད་རྣམ་རྩེན་དེའི། །བསྟན་པ་
ལ་སྲིད་ཞུར་བྱེད་པ་འཁོར་བསྒྱུར་གྱི།