[A:༡༥༦] །
ས་སྐྱ་
འདི་ཉིད་
ལས་གཞན་དུ་གྱུར་
པའི་འོག་མིན་ནི་ཞིང་ཁམས་གཞན་ན་
དམིགས་སུ་ཕུལ་བྱུང་གི་རྒྱན་
མེད་དོ
། །ས་སྐྱའི་གཙུག་ལག་ཁང་པ་
གང་གི་ནང་དུ་
དུ་འཇུག་པའི་ཐེམ་སྐས་དེ་ནི་སེམས་ཅན་
སུ་ཞིག་གིས། །འགོངས་པ་ཙམ་ཉིད་
ན་ཐར་པའི་གྲོང་ཁྱེར་དུ། །བདེ་བར་སོན་པ་སྲིད་འདིའི་སྤྱོད་ཡུལ་
ལས་འདས་པ་ཡི། །སྒོ་དེའི་ཁྱད་པར་ཅི་ཡིན་ཡོངས་སུ་
མི་ཤེས་སོ་
ཐེ་ཚོམ་ཕུལ་བྱུང་གི་རྒྱན
། །རྟ་བབས་དེ་ཉིད་
ནོར་བུ་རྒྱས་པའི་ལྗོན་པ་ཡི། །ཀ་བ་སྟོང་གིས་བཏེག་པའི་འོད་ཟེར་
ཀུན་ཏུ། །འབར་བས་རང་གནས་ཕྲོགས་པར་གྱུར
་ཏེ་གནམ་སྔོན་པོ་དེ་ལ་རང་མལ་དུ་གསལ་བའི་གོ་སྐབས་འབྱུང་བར
། །ས་ལ་ལྷུང་བ་མིན་ནམ་གཙུག་ལག་ཁང་གི་
ཁྱམས་དེའང་ཁ་དོག་ཤིན་ཏུ་
སྔོའོ་རབ་རྟོག་གི་རྒྱན
། །དེ་ལྟར་བིཌཱུར་ཡའི་ས་གཞི་
ལ་ནོར་འཛིན་གྱི་
ཟླ་བ་སྟེ་གསེར་བཙོ་མ
འི་མིག་མངས་ཀྱི་
རི་མོ
ས། །བཀྲ་བ་དེ་ནི་མཐིང་གི་རོལ་བའི་མཆར། །མེ་ཏོག་
སིནྡུ་ཝ་རའི་གེ་སར་གྱི་
ཕྱེ་མའི་ཕྲེང་བ
། །རླབས་ཀྱི་སོར་མོས་བྲས་པ་བཞིན་དུ་རབ་རྟོག་གི་རྒྱན་
མཛེས་སོ
། །ཨིནྡྲ་ནཱི་ལའི་བ་གམ་མཐོན་པོའི་
འོད་ཟེར་འབར་བའི་
ཚོགས་ཀྱིས། །རྩིག་པའི་
ངོས་དག་ཅིང་འཇམ་
པའི་ལོགས་ལ་ཡོངས་སུ་
ཁྱབ་པ་དེ་ནི
། །ཨུཏྤལ་སྔོན་པོ་རབ་ཏུ་
རྒྱས་པའི་
ནགས་སུ་སེམས་ནས
། །མེ་ཏོག་ཟས་ཅན་བུང་བ་
རྣམས་ལ་འཁྲུལ་པ་རྨོངས་པའི་དཔེ་རྒྱན་
འཇུག་གོ །
མདའ་ཡབ་ཀྱི་
ཕྲེང་བ་ལས་འཕྱང་དྲ་ཕྱེད་ཚོགས། །ཕ་གུ་ཆུ་སྐྱེས་དཀར་པོའི་ངོས་རྩེ་ལ། །རེག་པ་རྣམ་པར་གསལ་ཏེ་བཅུ་དྲུག་ཆ། །སྙིང་ལས་བདུད་རྩིའི་ཐིག་ཕྲེང་བསྒྲེང་བ་བཞིན་རབ་རྟོག་གི་རྒྱན
། །བྱ་འདབ་ཀྱི་ཁ་དོག་སྔོ་བསངས
་མཁའ་དང་འདྲེས་པའི་འགྲམ་པ་ལ། །རྒྱ་ཕིབས་འོད་ཀྱིས་
འཇིག་རྟེན་གསུམ་གྱི་མུན་པ་
འཕྲོག་པར་བྱེད་པ
འི། །སྣང་བའི་རི་མོ་འཁྱུག་པ་དེ་ནི
་གློག་གི་གར་མཁན་མས། །གཞན་གྱི་
ཡིད་རྐུ་བའི་ཆོ་འཕྲུལ་གཡོ་བའི་
མཛེས་པ་དུ་མ་བསྟན་པ་
ལས་ཀྱང་ཆེས་
ལྷག་གོ །
ཟླ་བ་རླུང་གིས་བསྐྱོད་པའི་རྔ་ཡབ་ཀྱི་
རྩེར། །ཛམྦུ་ནཱ་དའི་ཛམྦུ་ཆུ་བོ
་གསེར་གྱི་དྲིལ་ཆུང་གི །མགྲིན་པ་ལ་ཟད་མི་ཤེས་པའི་སྒྲ་སྙན་མཆོག་ཏུ་
མང་བ་དེ་ཉིད
། །སྐྱེ་འགྲོ་རྣམས་ཀྱི་
རྣ་བའི་བཅུད་ལེན
་དུ་འགྲོ་བའི་དབྱངས་སུ་འབབ་པར་བྱེད་དོ་ཏིང་ངེ་འཛིན་གྱི་ཡོན་ཏན་རྒྱན
། །ཏོག་གི་ཁྱད་པར་ཤིན་ཏུ་མཐོ་བས་ན་
ཉི་མའི་སྤྱི་བོ་ལ་ཡང་
། །འོད་ཟེར་འབབ་སྟེགས་བྱེད་པའི་གཟི་བརྗིད་ཀྱི་
གཏེར་དུ་གྱུར་པ
། །མཛེས་པའི་གོས་ཅན་ལྷབ་ལྷུབ་ཏུ་གཡོ་བ་རྒྱ་ཆེ་བས་
རྟ་གདོང་གི་
མེར། །རེག་པས་ཀྱང་
མི་