R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༥༥
[A:༡༥༥]
པ་བདེ་བར་གཤེགས་པའི་སྙིང་པོ་མངོན་དུ་གྱུར་
པའི་གཟུགས་ཅན་དམ་པ་རིགས་བརྒྱའི་མཛོད། །
མ་ལུས་པར་
ཡོངས་སུ་རྫོགས་པའི་མཁའ་དང་དབྱེར་མེད་མཚན་མ
ར་འཛིན་པ་ཐམས་ཅད་
སྤངས་ཀྱང་གཞན་ཕན་སྙིང་པོར་ཆེ་སྤྱོད་ཚུལ་
དུ་བསྟན་ནས
། །
སེམས་ཅན་གྱི་
བསམ་པའི་རི་ཡི་ཁམས་
ཏེ་ཚོན་རིས་ཉིད་
ཀྱི་ཆུ་གཏེར་སྣ་ཚོགས་
སུ་ཤར་བའི་
མདོག་ཅན་
དེ་དག་དམ་པའི་
བརྩེ་དགའ་རིན་ཆེན་
གྱི་
ཕུང་པོ་
མཐོན་པོ་དེ་
ཡི། །འཛུམ་གྱིས་
ནམ་ཡང་
མི་གཏོང་
བའི་
བསྐལ་པ་
འདི་ཤིན་ཏུ་
བཟང་ངོ་
ཅིའི་ཕྱིར་ཞེ་ན་
ཨེ་མ་ཡིད་བཞིན་
གྱི་
ནོར་བུའི་
སྐྱེ་བ་འཛིན་པར་མཛད་པས་སོ
། །གདུང་གི་སྐྱེ་བ་འཛིན། །ནོར་ལྡན་མ་
སྟེ་ས་གཞི་
འདིའི་རྒྱན་དུ་སྲིད་པ་ཡིས། །བྱིན་པའི་
འམ་བསྐོས་པ
འི་གངས་རི་དཔལ་གྱི་དོ་ཤལ་ཅན་
ཞེས་པ་བོད་གངས་ཅན་འདིའི
། །ལྟོ་བར་ཆོས་ཀྱི་རྒྱལ་སྲིད་བླ་ན་མེད། །
དཔལ་ལྡན་
ས་སྐྱར་གྲགས་པའི་རི་མོ་ཕྱོགས་སུ་རིང་
བ་ཡོད་དོ
། །འཇམ་
པའི་
དབྱངས་
ལན་གྲངས་
བདུན་སོགས་སྐྱེ་བ་བརྒྱུད་མོའི་གཟི་
བརྗིད་ཀྱི
ས། །མུན་པའི་ཡིད་ཅན་
རྨོངས་པ་
མ་ལུས་
པ་
འབྲོས་
པ་སྟེ་མེད་པར་
བྱེད་ལ། །ཤཱཀ་ཐུབ་བསྟན་པའི་རྒྱལ་མཚན་
ཆེན་པོ་ས་སྐྱ་
འདིར་འཛུགས་
སོ་
ཞེས། །དཱི་པཾ་ཀ་རས་
ཞེས་པ་ཇོ་བོ་མར་མེ་མཛད་དེ་ཉིད་མངའ་རིས་སྟོད་ན་བཞུགས་པ་འབྲོམ་སྟོན་གྱིས་གདན་དྲངས། ལམ་བར་ལ་ས་སྐྱའི་ཕྱག་འཚལ་སྒངས་སུ་ཕེབས་དུས་ས་དཀར་པོ་དེའི་ལོགས་ལ་དྷཱིཿཡིག་བདུན་དང་ཧཱུཾ་ཡིག་གཅིག་འདུག་པ་གཟིགས་པས་ཕྱག་མཆོད་མཛད། འཁོར་རྣམས་ཀྱིས་རྒྱུ་མཚན་ཞུས་པས། མ་འོངས་པ་ན་ཕ་གིར་འཇམ་དབྱངས་ཀྱི་སྤྲུལ་པ་བདུན་དང༌། ཕྱག་རྡོར་གྱི་སྤྲུལ་པ་གཅིག་བྱོན་ནས། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་འགྱུར་རོ་ཞེས་
ལུང་དུ་བསྟན་པའི་ས། །དུས་རིང་ཆང་རྟེར་བཟུང་བས་ཉི་མ་
དེ་ཡང་
ནི། །མྱོས་པ་བཞིན་དུ་འོད་ཟེར་སྐྱུགས་
ཏིང་ངེ་འཛིན་གྱི་ཡོན་ཏན་རྒྱན་
པ་ཡིས། །སྡིགས་མཛུབ་
གཏད་པའི་
སེན་མོའི་ཁ་རིས་སྤགས་པ་ཅན། །བི་རཱུ་པ་དེས་
དངོས་སུ་
བྱིན་གྱིས་བརླབས་པའི་གནས་
ཀྱང་ཡིན་ནོ
། །ངེས་པ་ལྔ་ཡི་
སྒྲ་གཅིག་ལ་དོན་གཉིས་སུ་སྦྱོར་ཡང་རུང་སྟེ། བརྟེན་པ་ལ་དུས་ངེས་པ། གནས་ངེས་པ། སྟོན་པ་ངེས་པ། འཁོར་ངེས་པ། ཆོས་ངེས་པ་དང༌། རྟེན་ལ་ནོར་བུའི་བྱེ་བྲག་ངེས་པ་ལྔའི་
རིན་ཆེན་ཁང་བཟང་ནང༌། །ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་
གྱི་
རང་བཞིན་
ཅན
། །གྲུབ་པ་རྡོ་རྗེ་འཆང་གི་འབྱུང་གནས་ཆེ
ན་པོ