R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༥༨
[A:༡༥༨] །ཡིད་བཞིན་
དུ་གང་
འདོད་པའི་བཞེད་
པ་
འཛིན་པ
འི
། །རེག་པ་རྣམ་
པར་
དག་
པ་འདི་ནི་ཞེས་ཚ་བས་གདུང་བ་ལ་བསིལ་བ་དང་གྲང་བས་ཉེན་པ་ལ་དྲོ་བར་འགྱུར་བ་
ས་བ་ཀའི། །ཆུ་ཡི་ལྷ་མོ་བཞིན་བཟང་མ། །
བསྙོན་དོར་གྱི་རྒྱན་
མིན་ནམ་
སྟེ་ཡིན་པར་རིགས་སོ་
གཞན་ལ་
རེག་བྱ་
འདི་
ལྟ་བུ་
ཅི་ཞིག་
འབྱུང་སྟེ་མི་འབྱུང་ངོ་
། །དགེ་བའི་ལང་ཚོ་དར་
ལ་
བབ་པའི། །དྲེགས་པས་
རབ་ཏུ་
འབུར་
བ་
དང་མངོན་མཐོ་
འི་ནུུ་
། །རི་བོང་འཛིན་པའི་འོད་ཀྱི་མཛོད
་དཀར་པོ་དེ་ལ
། །
སྐྱེ་བོ་
སུ་ཞིག་དུད་པའི་ས་མ་ཡིན་
ཏེ་ཡིན་ནོ
། །
ཁྱད་པར་དུ་
འཕགས་མའི་ཀུན་སྤྱོད་
ཀྱི་
ཡོན་ཏན་དེས། །
རབ་ཏུ་
བརྒྱན་
པ་དེ་
ལ་མཚུངས་པའི་བུད་མེད་
གཞན་པ་ལྟ་
སུུ་
ཞིག་ཡོད་དེ
། །འདི་ལ་
ལྷ་ཆེན་
ཚངས་
པའི་
སྲས་
སུ་གྱུར་པའི་
ལྷ་མོ་
དབྱངས་ཅན་མ་
ཡང༌། །འགྲན་པར་ནུས་པའི་རེ་བ་
ཤིན་ཏུ་
ཕྲ
འོ་ ཕུལ་བྱུང་གི་རྒྱན
། །ཚེ་རབས་
སུ་
འཁོར་བ་འཐུངས་པའི་
གནས་སྐབས་ཀྱི
། །བདེ་བ་ས་ལེ་སྦྲམ་
སྟེ་གསེར་འགྱུར་
འདོད་པར། །
ཐོག་མ་མེད་པར་
ཉོན་མོངས་བརྒྱུད་མར་བགྲངས་པའི་གསང་སྔགས་
ཕྱིན་ཅི་
ལོག་པས་བསླང་བ་ཡིས། །གཤིན་རྗེའི་ལྕེ་ལས་ཚ་བར་གླལ་བའི་དུག་གསུམ་
གྱི་
རོ་འཛིན་ཅན། །རྩོད་པའི་དུས་ཀྱི་རོ་ལངས་
དྲག་པོ་
གདུལ་དཀའ་ལུས་པ་
ཐམས་ཅད
་གཏན་
ནས་
བཅོམ་
པའི
་སླད་
དུ
། །སུ་ཞིག་རྣམ་པར་དཔལ་
གཟིགས་པ་
ལ་ཕྱོགས་བཅུ་ཡི། །བདེ་གཤེགས་སྲས་
དང་
བཅས་
པ་
འདུས་པའི་དགོངས་པ་ཆེ
ན་པོ་གཅིག་ཏུ་གྱུར་ཏེ
། །
དོན་དམ་
འབྲས་བུ་ཟག་
པ་
མེད་
པའི་
དབྱིངས་ནས་འཚེར་བའི་སྒྲ། །རྟག་པ་དམ་པའི་གསུང་ནི་མགྲིན་གཅིག་ཏུ་
བསྡུས་ནས་འཇམ་དཔལ་ལ་འདི་སྐད་བཀའ་སྩལ་པ
། །འཕགས་པ་གང་ཞིག་གཞོན་ནུར་གྱུར་ཡང་བློ་
རབ་ཏུ་ཆེ་བས
། །མངོན་པར་
རྫོགས་པའི་
སངས་རྒྱས་ཀུན་གྱི་ཡེ་ཤེས་
བསྐྱེད་པའི་
ཡབ་
ཏུ་གྱུར་པ་དེ་ལ
། །
གཞན་ཕན་
རེ་
འི་དམ་བཅའ་
ཐམས་ཅད་
རྫོགས་སོ་ལྷ་གཅིག་ཀྱེ། །འཇམ་པའི་དབྱངས་ཁྱོད་བསླུ་
བ་
མེད་
པའི་
འདྲེན་པར་འོས་
སོ
། །
དེ་ཅིའི་ཕྱིར་ན་
ལྔ་བརྒྱ་ཐ་མའི་ལྟ་བ་
ངན་པ་
བག་མེད་དུ། །རྒྱུ་བའི་སྡུག་བསྔལ་བློ་གྲོས་ཀྱིས་གཟིར་
བའི
་སྲིད་
པ་དེ་ཉིད་ཤིན་ཏུ་རྒྱ་ཆེ་ཡང་
། །ཁྱོད་
ཀྱི་
མཚོན་
ཆ་རྣོན་པོ་ཡེ་ཤེས་ཀྱི་
རལ་གྲི་མཆོག་དེས་མི་ཆོད་པའི། །དངོས་
པོ་
དེ་
འདྲ་
ཤེས་བྱའི་ཡུལ་
དུ་
གྱུར་
པ་
འདི་ན་
ཡོན་ཏན་གྱི་རང་བཞིན་བརྗོད་པའི་རྒྱན་
མེད་
དོ་ཞེས
། །དེ་ལྟར་གཉིས་མེད་གསུང་བ་
སངས་རྒྱས་
རྣམས་ཀྱི་བཀའ། །གསང་བ་བསམ་
གྱིས་
མི་ཁྱབ་པའི་བརྗིད་གཅིག་ཏུ་
འདུས་པ་དེ
། །ལྕི་ཡང་ཟུར་ཕུད་ལྔ་ཡི་