R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༥༩
[A:༡༥༩]ཅོད་པན་
གྱི་
རྒྱན། །
ནོར་བུ་
མཐོན་ཀ་ཆེན་པོ་ལས་ཀྱང་མཛེས་
པ་
དེ་
དང་བ་ཆེན་པོས་
བླངས་
པའི
། །
སངས་རྒྱས་ཀྱི་གསུང་
དེ་སྐད་རྗེས་སུ་ཐོས་པ་
སྟེ་རྣ་བ་
འཛིན་པ་ཟུང་
ངག་ནི
། །རིན་ཆེན་
གྱི་
རྣ་རྒྱན་དགོད་པའི་ཟོལ་དག་ཏུུ་
བྱས་ནས
། །
གཞན་དོན་ལ་བསྐུལ་ཚིག་ཐོས་པས་
སྤྲོ་བས་བཞད་བཞིན་
པ་
དེ་ལ་ཨུཏྤ་ལའི། །ནགས་ཚལ་
ཡོངས་སུ་
རྫོགས་པའི་སྤྱན་ཟུར་རོལ་པས་
རབ་རྟོག་གི་རྒྱན་མཚར་བ་
དུད་
འགྲོ་དོན་གྱིས་ཤིག་ཅེས་པའི་ཚིག་ཐོས་པ་ལ་སྤྲོ་བས་བཞད་པ་དེ་ཅིས་ཀྱང་རྗེས་སུ་ཡི་རང་ངོ་ཞེས་པའོ
། །
དུས་
ནམ་ཞིག་
གི་ཚེ་བདག་གི་
སྒྲིབ་དང་བྲལ་བའི་སངས་རྒྱས་སྤྱན། །ཐམས་ཅད་གཟིགས་པས་ཕྱོགས་བཅུར་ཉེར་བལྟས་
པ་དེའི་
ཚེ། །བདག་གིས་བྱང་ཆུབ་
ཀྱི་
སྙིང་པོར་མ་བཀོད་པའི། །དེ་བཞིན་གཤེགས་པ་སུ་ཞིག་མཐོང་
བར་
མ་གྱུར་
གྱུར་པ་དེ་སྲིད
། །ནམ་མཁའ་སྟོང་པའི་ཁམས་
འདི་
ནི་གཟུགས་ཅན་དུ། །མ་གྱུར་
་དེ་སྲིད་
དུ་
མངོན་
པར་
འཚང་མི་རྒྱ་བར། །སེམས་ཅན་
རྣམས་ཀྱི་
དོན་བྱེད་པ་ཡི་དམ་བཅའི་ཁུར་
ཆེན་པོ
། །
ཡོངས་སུ་
རྫོགས་པར་ཐེག་པ་ཆེན་པོའི་དབང་
དུ་
གྱུར་ལ། །
སེམས་ཅན་གྱི་
ཁམས་དང་དབང་པོ་བག་ལ་ཉལ་
ལ་སོགས་
སྣ་ཚོགས་
པ་ཐམས་ཅད
། །དྲི་
མ་
མེད་
པའི་
ཤེས་པས་རིག་སྟེ་དོན་དམ་
པའི་
གཟུགས་
དེ་ནི
། །ཡེ་ཤེས་
ཀྱི་
མེ་ལོང་བསྟན་ཡང་མཐོང་བྱར་མེད་
སྟེ
། །སྲིད་པའི་སྒྱུ་མས་རང་མཚང་འཇིག་པར་དགོངས་
ཏེ
། །འཁོར་གྱི་འདུས་པ་ཆེ
ན་པོ་
རྣམས་ལ་
འདི་སྐད་དུ
། །ཐོག་མར་
མིའི་འཇིག་རྟེན་དུ་
འཕོ་བའི་ལམ་རྟེན་གྱི། །དུས་སུ་ཀུན་རྫོབ་
ཀྱི་
གཟུགས་ཅན་གང་
ལས་རྟེན་ནས
། །ལེགས་པར་འོས་པ་
དེ་དག་ཁྱོད་རྣམས་ཀྱི་
དང་བས་སྨྲོས་
ཤིག་གསུངས་པ་དང་
། །ཕྱིར་མི་ལྡོག་པའི་ལྷ་འགའ་ཞིག་
གིས
། །འདུན་སར་
དེ་
ཞུགས་
པར་བྱས་
ལ་ཐལ་མོ་ཡི། །མེ་ཏོག་སྙིང་གར་ཟུམ་པ
ར་བྱས་པ་
ལས། །
འདིའི་
ནང་གི་བུང་བའི་སྒྲ་
སྒྲོགས་པ་
ལྟ་བུས། །ལྷ་གཅིག་
ཅེས་བོད་ནས་
འཕོ་བ
ར་མཛད་པའི་རྟེན་ནི་
ཚངས་པ་དང༌། །བརྒྱ་བྱིན་
དང་
བདེ་འབྱུང་
སྟེ་དབང་ཕྱུག་
ཉི་མ་
དང་
ཟླ་
བ་དང་
། །སྒྲ་གཅན་
དང་
མཁའ་ལྡིང་
དང་
གཉིས་འཐུང་
སྟེ་གླང་པོ་ཆེ་ལ་
སོགས། །ཅི་ཞིག་
འོས་པ་དེ་སོ་
སོར་རྟོག་
པའི་ཡེ་ཤེས་
གིས་མཁྱེན་
པར་
མཛོད། །ཞུས་
པར
་གྱུར་
པ་ལ་
དེ་ཡི་འཛུམ་པའི་ཞལ། །མངོན་
པར་
ཕྱོགས་
ཏེ་
འགྲོ་
བ་
འདིར་བསོད་ནམས་ཀྱི། །ཕོ་ཉ་དང་པོ་བདུད་རྩིའི་སྐྱེས། །འཕྱུར་བ་བཞིན་དུ་དེར་བཀའ་