R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༦༡
[A:༡༦༡]མཚར་ཆེ་
འི་ལྷ་ཡི་ལྗོན་པ་
དཔག་བསམ་གྱི་ཤིང་ལ་སོགས་པ་
རྫོགས་
པར་སྐྱེས་ཤིང་
། །ལྷས་རྩེན་
ཏེ་ནམ་མཁའ་
གཅེར་བུའི་གཟུགས་ཅན་མ་དེ་ཡང༌། །ངོ་ཚ་ཁྲེལ་ཤེས་
ཀྱི་
གོས་སུ་དབང་པོའི་མཚོན། །
རྒྱ་མཚོའི་འགྲམ་
གྲོག་
མོའི་
མཁར་
གྱི་
རྩེ་ནས་
ཐོན་པ་རིག་བྱེད་པ་བཞེད་པ་བཞིན་
གྱོན་
པ་དེའི་
ཚེ་ཤ་ཝ་རིའི་
ཞེས་རྔོན་པའི་ཕྱུག་མ
། །རྨད་གཡོགས་
ཀྱི་
རྨ་བྱའི་མདོངས་
རྣམས་ཀྱི་
འོད་བཀྲག་མི་འབྱིན་
ཏེ་ཉམས་པར་བྱས་སོ
། །བསྐལ་པ་བཟང་པོའི་བསྙེམས་པ་མེ་ཏོག་གི །ཟོལ་དུ་དགོད་པ
ར་བྱེད་པ
་ཞིང་འདིའི་དཔལ་མོ་ལ། །མཚུངས་པར་
གྱུར་པའི་
དྲེགས་པས་མྱོས་པའི་ཅོ་འདྲི་
མ་
བཞིན་
དུ
། །འདབ་ཆགས་
ཀྱི་
དཀྱིལ་འཁོར་
ཡོངས་སུ་
རྫོགས་པའི་
རྣམས་དགའ་བ
་གླུ་ངག་ལེན་
པར་འགྱུར་རོ
། །རང་རྒྱལ་རྣམས་ཀྱང་གང་གི་མཐུས་ཟིལ་མནན་
ནས
། །སོ་སོའི་ཁམས་ལ་རང་བྱུང་
གི་
མེ་སྦར་ཏེ། །ནམ་མཁའི་ཁྱིམ་དུ་ཡིབ་
་ལས་ལྷུངས་
པར་གྱུར་
པ་ཡི། །རིང་བསྲེལ་
གྱི་
ཕུང་པོ་མུ་ཏིག་
གི་
ལྷུན་པོར་འབར་
པར་བྱས་སོ
། །རྒྱལ་བའི་མྱུ་གུ་
སྟེ་བྱང་ཆུབ་སེམས་དཔའ་ས་སྐྱ་པཎྜི་ཏ་
སྐྱེད་པའི་མཐུ་
དང་
ལྡན་མ་
དེ་ཉིད
། །རྡོ་རྗེའི་ཁོར་ཡུག་
ལས་ཀྱང་
བརྒལ་བར་རིང་
དུ་
འགྲོ་བའི། །དྲི་བཟང་
པོ་འཐུལ་བའི་
ཁྲུས་ཀྱི་རྫིང་བུར་གཙང་བྱེད་
ཀྱི་ཆོག་
ནི། །ལྷུར་ལེན་
པ་ལ་མིའམ་ཅི་རྒྱལ་གྱི་བུ་མོ་
ཡིད་འཕྲོག་མ་བཞིན་
དུ་
ཞུགས་
པར་བྱས་
ནས་སླར། །འཁྲུལ་པའི་རི་མོ་རྨི་ལམ་
གྱི་
ཡུལ་ལ་ཡང༌། །འཆར་ནུས་མིན་པའི་སྣང་བ་དམ་པ་ཆེ
ན་པོར
། །འཇུག་པའི་རོལ་རྩེད་ཕྲེང་བ་བཏུང་
ཏིང་ངེ་འཛིན་གྱི་ཡོན་ཏན་གྱི་རྒྱན་
བའི་སྒོ། །ཡངས་པོར་ཕྱེ་བའི་ནང་དུ་འདི་
ལྟར་
བྱུང་སྟེ། །གཞན་དོན་
དུ་
སྙིང་པོ་ལེན་པའི་སྲུབ་ཐག་ལ། །ངལ་
བ་
མེད་
པའི་
ཀླུ་ཡི་དབང་
གི་
ཕྱུག་ཚུལ་ཅན་ཞིག །རྨོངས་པའི་སྲོག་འཕྲོག་
པ་ལ་
དུག་དང་ཐར་པའི་སྲོག །གསོ་
བར་
བྱེད་
པ་ལ་
བདུད་རྩིའི་ལྟ་ཟེར་གཉིས་སུ་སྤྲོ་
ཞིང་
། །ཉི་མ་འབུམ་ཕྲག་བླུགས་པའི་གདེངས་ཀ་ནས། །ནག་པོའི་མཚན་རིས་སྤང་བ་
ལ་
ཕུན་
སུམ་
ཚོགས་
པའི་
ཆོས། །དྲང་
དོན་
དང་ངེས་པའི་དོན་
ཉིད་
དེ་སྐད་གཉིས་སུ། །འབབ་པར་མཚོན་
ངེས་བསྟན་གྱི་རྒྱན་
པའི་རོ་
ལྕེ་
འཛིན་ཟུང་
ངག་ཏུ་
གཡོ་བ། །གཙུག་གི་ནོར་བུའི་འོད་ཟེར་
གྱི་ཏིང་ངེ་འཛིན་གྱི་ཡོན་ཏན་རྒྱན་
རྦ་རླབས་ཀྱིས། །པདྨའི་ཁང་པ་དཀར་པོ་ཁ་ཕྱེ་བ
ར་གྱུར་པ
འི་
སྟོབས་ཀྱི
། །སྦྲང་རྩིའི་བུ་
བུང་བ་
ཀུན་གློ་བུར་
དུ་
གཉིད་