[A:༡༦༠]སྩལ་
པ
། །ཁྱེད་རྣམས་ཀྱིས་
གང་སྨྲ་དེ་པའི་རྟེན་གྱི་རྣམ་གྲངས་
དག་སོ་སོའི་ལུས། །རྣམ་པ་མང་པོར་ལྡན་ཡང་དེའི་ནང་ནས
། །ཁ་ཅིག་དུག་གསུམ་གསོ་བའི་སྣོད་དུ་གྱུར་ཅིང་
། །དེ་བཞིན་གཞན་ཡང་ཅི་སྟེ་འོས་མ་འོས་པར་མི་འགྱུར་རོ
། །བདག་འཛིན་རྟེན་དུ་འཕོ་བའི་རྟེན་ནི་
སོ་ཡི་ཀ་བ་དྲུག་པ་ཡིས། །སྤུད་པའི་སྟེ་རྒྱན་
སྣ་ཞགས་ཀྱི་
རྟ་བབས་ཅན། །ལུས་རྒྱས་ཤིང་སྲིན་བུ་ལྷམ་བུ་ཆུ་ཤེལ་ལྟར་དཀར་བའི་
ཤ་ཡི་གཞལ་མེད་ཁང༌། །མངོན་གསུམ་དུ་
རྒྱུ་བའི་གླང་པོ་དེ་ལྟ་བུ་ཞིག་
ལ་བདག །མ་འོངས་པའི་དུས་
སྲིད་པ་
འདིར་སྐྱེ་བའི་མཐར། །རྫོགས་པའི་སངས་རྒྱས་མདོ་སྡེ་དཀོན་བརྩེགས་ལས་ཐུབ་པས་ལུང་བསྟན་པ་བཞིན་
ཀུན་ཏུ་གཟིགས། །རྡུལ་མེད་བསམ་པའི་འཇིག་རྟེན་དུུ་ཞེས་བྱ་བའི་ཞིང་ཁམས་ཉིད
། །མངོན་པར་འཚང་རྒྱ་བར་
མཛད་འཕོ་བའི་ཤིང་རྟར་བགྱིད། །དེང་སང་གི་དུས
་ནི་ཤཱཀ་ཐུབ་བསྟན་པའི་ཉི་མའི
། །ལང་ཚོ་ནུབ་ཀྱི་
རིར་ཡོལ་བའི་
ཉེ་ཞིང༌། །བྱམས་པ་
མགོན་པོའི་
རིང་ལུགས་ཆོས་ཀྱི་
བདག་པོ་ཟླ་མེད་
ཀྱང༌། །འཆར་བ་
ལ་དུས་ཀྱི་རིང་དུ་
བསྐལ་པའི་བར། །ནག་པོའི་ཕྱོགས་སུ་ལྷུངས་པ་ཡི། །མུན་པ་ཆེན་པོ་གོ་འཕང་ལ་གནས་པ་
ཅན། །ཚུལ་མིན་འུག་པའི་ཀུ་ཅོའི་སྒྲ། །དྲག་ཏུ་སྒྲོག་པ་དེ་དག་
བཟློག་པའི་
ཆེད་དུ
། །ས་སྟེང་འགྲོ་བའི་སྙིང་གི་མུན། །འཇོམས་པར་བྱེད་
དང་དེར་མ་ཟད་
ས་འོག་གི་མུན་ནག་
རབ་རིབ་ཀྱང༌། །འཕྲོག་པར་
བྱེད་པའི་གདེངས་ཀ
་ནོར་བུའི་ཐོར་ཅོག་གི །སྣང་བ་དང་
བཅས་པའི་
ཀླུ་དབང་གི་
ཚུལ་འདི་ཤིན་ཏུ་
ཤིས་སོ
། །གསུང་ལ་གཟིགས་པ་དེ་རིགས་དང༌། ཡུལ་དང༌། དུས་དང༌། རྒྱུད་དང༌། བུད་མེད་དེ་
ཡང་རྣམ་པ་ལྔ། །ཡོངས་སུ་
ཚང་པའི་ས་སྐྱ་ཆོས་ཀྱི་ཕོ་བྲང་དུ། །འགྲོ་ལ་
ཕན་པའི་ཟློས་གར་འཇིག་རྟེན་ཀུན་ཏུ་དགའ་བའི་རང་བཞིན་ཅན
། །ལེགས་པར་བརྩེ་བའི་སྲིད་པ་འཛིན་པ་
ལ་ཆས་པར་མཛད་དེ
། །སྐྱོབ་པ་བདུད་འདུལ་ཆེན་པོ་སྟེ་སངས་རྒྱས
་ལྷུམས་སུ་
ཞུགས་པའི་དུས་ཆེན
། །རྒྱུ་སྐར་
ས་གས་ཉ་བའི་ཟླ་བ་དག་པ་ཅན། །མཆོག་གི་དུས་སྟོན་ནམ་མཁའི་
སྔོ་བསངས་རྩེ་དགའ་དྲན་ཏེ
། །གྲུབ་པའི་ལས་ལ་སྦྱོར་བར་ཤར་བའི་ཚེ། །འཁོར་དང་མྱ་ངན་འདས་པ་ལག་མཐིལ་ལྟར། །མཉམ་ཉིད་མཆོག་གི་བྱེད་པོ་འབྱུང་འགྱུར་གྱི། །རྟགས་སུ་སེམས་མེད་པའི་
ས་ཡང་ལག་མཐིལ་ལྟར་བཞག་ལ་
དེ་བཞིན་དུ། །འགྱུར་ལ་