R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༡༦༥
[A:༡༦༥]བདུད་
ཀྱི་ཚོགས་རྣམས
། །དགའ་བའི་
རྒྱལ་མཚན་གྱི་
ཅིག་ཤོས་དགོས་པའི་རྒྱལ་མཚན་ཆེ
ན་པོའི
། །འདར་
བ་
དང་གཡོ་བའི་འཇིགས་པ་དེ་
ལྟ་བུ་
མཐོང་ནས། །མེ་ཏོག་
གི་
གཞུ་ཡི་དཀྱིལ་འཁོར་
ཡོངས་སུ་
རྫོགས་པ་རུ། །བདུངས་པའི་རྒྱུད་ལས་འཕོས་པའི་མདའ་ལྔ་ཡི་
ནི་མྱོས་བྱེད་དང༌། འདར་བྱེད་དང༌། རྨོངས་བྱེད་དང༌། སྐེམས་བྱེད་དང༌། འཆི་བྱེད་དང་ལྔ་པོ་དེ།
།མཚོན་གྱི་བསྐལ་པ་དར་ཡང་
ས་
འདིར་དེ་རིང༌། །ཀྱེ་ཧུད་
ཅེས་སྨྲེ་སྔགས་འདོན་ཅིང་
ལྟས་ཀྱི་མཚན་མ་
ཤིན་ཏུ་
འཁྲུག་འདི་ཅི་
ཞིག །
འཁོར་བའི་སྙིང་པོ་འཐུང་དོན་ཡིད་སྐྱེས་
འདོད་ལྷ་
ངའི། །དཔུང་པ
འི་སྟོབས་
དུག་གསུམ་ནག་པོར་འབབ་པའི་གྲིབ་
མ་སྟུག་པོ་འདི་ནི
། །ཚ་ཟེར་ཅན་མིན་
པའི་
མི་ཡི་ཉི་མ་གཅིག །
མི་རིང་བར་
སྐྱེས་པའི་འོད་ཀྱིས་འཚིག་པར་ཅིས་མ་གྱུར་
ཏེ་འགྱུར་བར་ངེས་སོ
། །དངོས་པོ་ཐམས་ཅད་འཇིག་
པ་
དང་མི་འཇིག་པའི། །བྱེད་
པ་
པོ་སྟོང་པའི་ཤེས་རབ་
ཅན་
འདི་
སུས་ཀྱང་
མི་ཐུབ་
པ་ཙམ་དུ་ཟད
། །དེ་ཡང་སྙིང་རྗེ་
བའི་རང་བཞིན་
ཐབས་ཀྱི་བདག་ཉིད་དུ། །དཔའ་བར་འགྲོ་བས་བཅོམ་
པ་
ལ་
ཡུན་
རིང་
བ་
མིན་ལོ། །དེ་ནས་ཆུ་ཁམས་དྲི་མེད་ལས་འཁྲུངས་པའི། །རྟག་ཏུ་ངོ་མཚར་བགྱིད་པ་བགྲང་གཞི
་སྟེ་ལོ
འི་ཕུལ། །འཇིག་རྟེན་དགེ་བྱེད་
ཀྱི་
ལོ་དེ་ང་བོ་པའི། །དཔྱིད་ཟླ་ར་བའི་རང་ཞལ་བསྟན་
པར
་གྱུར་
པའི་དུས་
ལ། །
འགྲོ་བ་རྣམས་ལ་
རྗེས་སུ་ཆགས་པས་དམར་བའི་ཕྱོགས་ལྷུང་གི །དུས་ནི་ཤིན་ཏུ་དགའ་བ་གསུམ་པ་འཁྱིལ་
པ་སྟེ་ཉེ་དྲུག་གི་དུས
། །ནམ་མཁའི་རྣ་བ་
སྟེ་གཟའ་ཟླ་བ་
ཡིས་ཀྱང་གཏམ་སྙན་པོ་
དེ
། །རྒྱུ་སྐར་མོན་དྲེའི་ཁྲིར་འཛེགས་
ནས་
ཉེན་
པ་
བཞིན་དུ་
གྱུར་པའི་དུས་ལ
། །སྲིད་དང་ཞི་བའི་མཐའ་ཆེན་གཉིས་འགོངས་
པར་ནུས་
པའི། །
རྒྱལ་བའི་
བསྟན་པ་ཉིན་མོར་བྱེད་
པ་
ལ་དཔེར་མཚོན་
པའི་
ཕྱིར་
ངེས་བསྟན་གྱི་རྒྱན
། །འོད་སྟོང་རྩེ་དགའི་རི་
སྟེ་ཤར་རི་
ལས་དང་པོ་རུ། །ཤར་
བ་དེའི་
ཚེ་རྡོ་རྗེ་སྙིང་པོའི་སྐུ་དེ་
ཉིད་
བལྟམས་
པར་གྱུར་ཏོ
། །རིག་པ་འབུམ་ལས་འོངས་པའི་བློ་གྲོས་ཀྱི། །རྒྱལ་དང་ཤིས་པ་མངོན་བརྗོད་དེར་དྲི་མ། །གདོད་ནས་བྲལ་ཡང་སྦྱང་གཞི་སེམས་ཅན་
གྱི་ལས་དང་ཉོན་མོངས་པའི་དྲི་མ་
ཀུན། །དག་
པར་བྱ་བའི་
ཕྱིར་
གཞོན་ནུ་དེ་ལ་
སྤོས་ཀྱི་ཆུ་བོས་ཁྲུས་གསོལ་ནས། །རེག་
བྱ་
ལ་
འཇམ་པའི་དཔལ་དེ་
ཤྲཱིའི་པདྨ་སྟོང་ཕྲག་ཏུ། །