[A:༡༦༦]བརྩེགས་པའི་གདན་གྱི་རྩེ་ལ་འཁོད་
པར་མཛད་པ་དེ་
མ་ཐག་ཏུ
། །སྐྱེས་བུ་ཆེན་པོ་
དང་སེང་གེའི་ལྟ་སྟངས་ཀྱི། །ལྷ་མིག་ཐོགས་པ་མེད་པས་ཕྱོགས་བཞིར་གཟིགས། །གང་ཚེ་ནོར་གྱི་བློ་གྲོས་མི་ཟད་མ་སྟེ་ས་གཞི་འདི་ཡང་
། །དགའ་བར་གཡོ་བའི་འགྱུར་བག་དྲུག་དང་
ལྡན་པའི་
རྒྱུ་དེ
། །མངོན་པར་ཤེས་པའི་གོ་འབྱེད་པ་ལ་
མཁས་པའི་མཁའ་དེ་ཡང་
། །དེ་ལྟ་བུའི་
ཚུལ་བརྗོད་པའི་སྒྲ་དབྱངས་ཟབ་མོ་
སྟེར་བར་བྱེད་
ལ། །རྒྱ་ཁྱོན་མི་ཆུང་ཁམས་གསུམ་ངོས་ཡངས་ཀྱི། །སྲིད་པའི་མུན་པ་ནག་པོ་ཤིན་ཏུ་
ཕྱེད་པར་དཀའ་བའི་མདུད་པ་དམ་པོ་དེ
། །བཤིག་པར་བྱ་བའི་མཆོག་གི་འོད་བཟང་བས། །ས་འོག་
ནག་པོའི་ཀླུ་ཡང་སྣང་བའི་
མིག་ཐོབ་པ་
དང་ལྡན་ནོ
། །རྡུལ་དང་ཁུག་རྣ་དང་
དུ་རིས་འཁྱོག་པོའི་ཟེལ་རྣམས་ཀྱང་
། །གང་དེ་
ན་མི་ཐུལ་ཞིང་
ཕྱོགས་ཀུན་གྱི་
དགའ་མ་ནི། །རབ་ཏུ་དངས་པའི་དགེ་བ་ལ་རབ་ཏུ་
བཏགས་ནས
། །དྲི་མ་
མེད་པའི
་གནས་སུ་རང་དགའི་ཉམས་ཀྱིས་བསྐྱལ་ལོ
། །རྣམ་མང་སྐྱེ་བོའི་ལག་སོར་གྱི་
ཡལ་འདབ་རེར་ཡང་
། །དཔག་བསམ་འབྲས་བུ་འདོད་པ་གང་ཡིན་པ་
རྫོགས་པའི་ལོངས་སྤྱོད་ཀྱི། །ཆེ་བའི་དཔལ་གྱི་རྒྱུད་ལྡན་དང་ལྡན་པ་ལས་
རོལ་མོའི་ཚོགས། །ཆོས་ཀྱི་སྡོམ་བཞི་སྟེ་འདུས་བྱས་ཐམས་ཅད་མི་རྟག །ཟག་བཅས་ཐམས་ཅད་སྡུག་བསྔལ། ཆོས་ཐམས་ཅད་བདག་མེད། མྱ་ངན་ལས་འདས་པ་ཞི་བ།
སྟོན་པའི་སྙན་དགུ་རང་འཁྲོལ་དུ་
འཇོ། །ལྷ་ཀླུའི་གཞོན་ནུ་མ་མང་པོའི་
ཚོགས་རྣམས་ཀྱང་
མཆོད་པ་འབུལ་བའི
་ཕྱིར་དུ། །ལག་པའི་མཚོ་སྐྱེས་འབད་རྩོལ་གྱིས་
བྲེལ་བའི་གདུབ་བུ
་སིལ་སིལ་
གྱི། །བདེ་བའི་བ་འབྱིན་པ་
སྒྲ་ལ་དབྱངས་ཅན་མང་པོ་ཞིག །དྲི་ཟ་ཕང་འགྲོ་སྟེ་དྲི་ཟའི་རྒྱུད་མངས་བསྒྲེང་བའི་
གླུ་ལས་སྣང་བའི་ལམ་དུ་
སྙན་པར་རྒྱུག་གོ །
རྔ་ཡབ་མང་དུ་སྟོབ་པའི་
རླུང་གིས་སྤྲིན་པ་དུམ་བུར་
བྲལ་བར་
བྱེད་ལ། །གདུགས་ཀྱི་དཀྱིལ་འཁོར་ཇི་སྙེད་པས་
རྒྱས་པ་པར་བཀང་བའི་
བར་སྣང་གི་
ཁམས་ཕུལ་བྱུང་གི་རྒྱན
། །དཀར་པོར་འཛུམ་པ་མཆོག་གི་ལོངས་ལ་
སྤྱོད་པའི་
སྒོར། །མནྡཱ་ར་བ་ཆེན་པོའི་མེ་ཏོག་གི་
གད་རྒྱངས་བཞད་དོ
། །དེའི་ཚེ་
སྒྲིབ་པའི་དམག་གིས་གཟུང་བའི་འགྲོ་བ་ཀུན། །རང་རང་གི་
མྱོང་བྱ་ལས་ཀྱི་རྣམ་པར་
སྨིན་པའི་སྡུག་བསྔལ་
བསོད་པ་སྟེ་མེད་པར་
བྱེད་པས་ན
། །སྔོན་གྱི་བྱེད་པོའི་སྟེ་ལས་ཀྱི་
དབང་དུ་མི་འགྲོ་ཞིང་མ་སོང་
བའི་སྟོབས་ཀྱི
། །ཐམས་ཅད་བདེ་འབྱོར་ལ་སྤྱོད་པའི་
ཕྲིན་ལས་ཐོགས་པ་མེད་པའི་མཐུ་ཡིས་འཇིག་རྟེན་འདི་
བརྒྱན། །བུ་རྣམས་ཡང་དག་