[A:༡༩༡]མཐར་ཐུག་
གི་བར་ལ་སོར་
བཅུ་གཉིས་སོ་དེ་བཞིན་དུ་གཡས་ལ་ཡང་ངོ་
། །རིག་བྱེད་སྟེ་སོར་མོ་བཞིས་
གཙུག་ཏོར་དང་
ཕྱེད་དང་
བཅས་པའི་
བཞིས། །མགོ་བོའི་དབངས་ཞེས་པ་སྐྲ་མཚམས་ནས་གཙུག་ཏོར་གྱི་རྩ་བའི་བར་
དང་རྒྱ་མཚོ་སྟེ་བཞི་
ཡིས། །དཔྲལ་བ་དང་
ཤངས་དང་ཕྱེད་དང་
བཅས་པའི་
བཞིས་ཤངས་ཀྱི་འོག་ནས
། །ཀོསྐོའི་མཐའ་འི་བར་
དང་ཆུ་གཏེར་ཏེ་བཞིས་
མགྲིན་པ་དང་
། །གསང་བའི་ཆུ་སྐྱེས་ལྟེ
་བའི་རྩར། །རྡོ་རྗེ་དག་ཀྱང་སོར་ཕྱེད་དང༌། །བཅུ་གཉིས་པ་སྟེ་ཐུབ་པ་ཡི། །གསང་བའི་རྡོ་རྗེ་སྦུབས་སུ་ནུབ་པ་ལས་
གཙུག་ཏོར་ཉིད་གྲུབ་བོ
། །ཁྲོ་དང་ཤིན་ཏུ་ཁྲོ་བའི་ཚད་ནི་རིམ་པས
། །ཞལ་བརྒྱད་དང་
ཞལ་དྲུག་པའོ་
མི་རྣམས་ཀྱི་
ལུས། །རྒྱར་ནི་ཁྲུ་བཞི་དང
་སྟེང་འོག་ཏུ། །བཞིས་ལྷག་པའི་
སོར
་མོ་བརྒྱད་ཅུར་ལྡན་པས་སོ
། །དེ་བཞིན་རྒྱལ་བའི་སོར་བདག་པོའི་
ཕྱེད་ལ། །ཕྱི་རོལ་དུ་
དཔག་ཚད་སྟོང་ཕྲག་གཉིས་
དག་གོ་ཕྱིར། །འཇིག་རྟེན་གྱི་
ཁམས་གང་ཡིན་པ་
ཇི་བཞིན་དུ་ནང་
ལུས་དང་
། །གཞན་ཏེ་རྒྱལ་བའི་བདག་པོ་གྲུབ་པོ
། །མདོ་རྒྱུད་གཞན་ལས་ཀྱང་རགས་པར། །གོང་དང་
མཚུངས་པའི་ལོངས་སྐུ་དང་
སྤྲུལ་སྐུ་
ཞི་བ་
དང་ཁྲོ་བོ
། །རྒྱན་དང་ཆ་ལུགས་ཕྱག་མཚན་སོགས་ གཅིག་ཏུ་མ་ངེས་པའི་
དབྱེ་བ་ངེས་པར་
བ་མང་ངོ་
། །ཐར་པའི་གཞལ་ཡས་ཁང་ཆེན་པོར། །འཇུག་པའི་བསོད་ནམས་ཀྱི་
ཐེམ་སྐས་ཅན། །དཀོན་
མཆོག་གསུམ་གྱི་
རྟེན་པའི་ཕོ་བྲང་གང་དེ་ཉིད
། །རང་རང་གི་
མཚན་ཉིད་ཀུན་དང་ལྡན་ཤེས་པ། །གསུང་རྟེན་ནི་
དོན་གཅིག་དུ་མའི་སྐད། །ཆོས་ཕུང་ཕ་མཐའ་མེད་པ་ཡི། །སྒྲ་དབྱངས་ཀྱི་
རྒྱ་མཚོར་འཇུག་པའི་མགྲིན། །ངེས་ཚིག་མཁས་པའི་ང་རོ་བསྒྱུར། །བསྐལ་བཟང་འདི་ལ་སངས་རྒྱས་དང༌། །འཁོར་ལོས་སྒྱུར་རྒྱལ་འཇིག་རྟེན་འདིར། །འབྱོན་པའི་དོན་དུ་ཡི་གེའི་རྔ། །བརྡུང་ཚུལ་སྙན་པར་གྲགས་པ་ཅན། །ཚངས་པའི་ཡི་གེ་ལཉྩ་ན་
ནས་བརྩམས་ཏེ། །རྒྱ་ཆེར་རོལ་པ་ནས་བཤད་པ་བཞིན་
ཡིག་རིགས་དྲུག་ཅུ་རྩ་བཞི་སོགས། །སྲོག་དང་
བཅས་པ་
བཞིན་དུ་ཆོས་ཐམས་ཅད། །བདག་མེད་སྟོང་པའི་སྒྲ་དོན་གཉེར། །འཇིག་རྟེན་ཀུན་རྫོབ་རིན་ཆེན་གྱི། །རང་བཞིན་ལྷུན་པོའི་