[A:༡༩༢]མཚན་ཉིད་ཡང༌། །ཕྱོགས་བྲལ་དབུས་སུ་གནས་པ་ལ། །
ཤར་དུ་རལ་གྲི་དང༌། དྲག་པོའི་ཟུར་དུ་རོའི་དབང་པོ་དང༌། བྱང་དུ་བདུད་རྩིའི་འབྲས་བུ་དང༌། རླུང་དུ་རི་ལུ་དང༌། ནུབ་ཏུ་མིག་སྨན་དང༌། བདེན་བྲལ་དུ་རོ་ཙ་ན་དང༌། ལྷོ་རུ་རྐང་མགྱོགས་དང༌། མེའི་ཟུར་དུ་མི་ཟད་པའི་གཏེར་ཏེ།
ས་འོག་གྲུབ་པ་བརྒྱད་ཀྱིས་འབྱོར། །དེ་བཞིན་ཐབས་ཤེས་མཐའ་ལས་འདས། །མཆོག་གི་དངོས་པོའི་ཆེ་བ་ཀུན། །རྫོགས་པ་སྟོང་གཞི་དོན་དམ་པའི། །ལྷུན་པོ་དེ་ཉིད་ཐུགས་ཀྱི་རྟེན། །གང་དུ་གྲགས་པ་མཐའ་ཡས་གཙོ། །བདེ་བར་གཤེགས་པའི་གནས་བརྟེན་པ། །རྒྱལ་བའི་མཆོད་རྟེན་མངོན་མཐོ་དང༌། །ངེས་པར་ལེགས
་པའི་ཚད་མདོར་བསྟན། །གསང་བའི་ཆུ་སྐྱེས་ཀྱི་
རྩ་བ་ནས། །མཛོད་སྤུའི་མཐར་ཐུག་གི་བར་ལ་
སོར་མོའི་གྲངས། །བརྒྱ་ཕྱེད་དེ་ལྔ་བཅུ་ཐམ་པ་ནི་མཆོད་རྟེན་གྱི་
དཔངས་ཀྱི་ཚད་དུ་འགྱུར་ལ
། །དེའི་
ཕྱེད་སོར་མོ་ཉི་ཤུ་རྩ་ལྔ་
གདན་གྱི་
རྒྱ་ཚད་དུ་འགྱུར་ཏེ་
གྲུ་བཞིར་མཉམ་མོ
། །གདན་
དེ་ཡི་ཐད་ཀའི་
སུམ་ཆ་སྟེ་ཕྱེད་བཅས་སོར་བཅུ་གཉིས་ནི་
ཕྱོགས་ཀྱི་ཆ་ཞེས་པ་གློ་འབུར་གྱི་ཞེང་ཚད་དོ
། །སོར་
ཕྱེད་དང་གཉིས་ནི་གློ་འབུར་གྱི་
ཕྱིར་འབུར་བ་སྟེ། །གདན་གྱི་
སྟེངས་ཀྱི་
པདྨའི་རྩེ་མོ་ཕྱིར་འབུར་བ་ནི་སོར་ཕྱེད་དང་གཉིས་ཀྱི་ཚད་
དང༌། །དེ་བཞིན་ཐུགས་ཀའི་ཁོར་ཡུག་ཡང་ཅེས་པ་ཐུགས་ཀར་གནས་པའི་རྐེད་བཅིངས་ཀྱི་རྣམ་པ་དེའི་ཕྱིར་འབུར་བ་ཡང་སོར་ཕྱེད་དང་གཉིས་ཀྱི་ཚད་དུ་འགྱུར་རོ
། །དེ་ དག་ཞེས་པ་གདན་གྱི་སྟེང་གི་པདྨ་དང་ཐུགས་ཀའི་ཁོར་ཡུག་གཉིས་སོ་
རེ་རེའི་དཔངས་སོར་བཞི། །ཟླུམ་པའི་པདྨ་ནི་
གཞི་སྟེ་གདན་དང་ཐད་ཀར་
མཉམ་པའི་
པདྨའོ་ དེ
འི་མཐའ་ཡི་ཆས་ཞེས་པ་སོར་ཕྱེད་དང་གཉིས་ཀྱིས
། །དམན་པའི་སྟེ་ནང་དུ་བཅུམ་པ་
ཁོག་པ་ཟླུམ་པོའི་དབྱིབས་ཅན་ནོ
། །དེའི་སྟེང་དུ་བྲེའི་
མགྲིན་པའི་ཐད་ཀའི་རྒྱར་
སོར་བརྒྱད་དང༌། །སུམ་སོར་གཅིག་གི་
ཆའོ་མགྲིན་པ་
དེ་ཡི་དཔངས་ནི་
སོར་བཞིའོ
། །བྲེའི་
གདོང་གི་ཐད་ཀའི་རྒྱར་
གདན་ཕྱེད་ཀྱི
་ཆ་སྟེ་ཕྱེད་བཅས་སོར་བཅུ་གཉིས་སོ
། །ཕྱེད་བཅས་སོར་བརྒྱད་ནི་བྲེ་གདོང་
དེ་ཡི་དཔངས་ཀྱི་ཚད་དུ་འགྱུར་རོ
། །མགྲིན་པ་དང་གདོང་གཉིས་པོ་
རང་རང་གི་
སུམ་ཆ་ནི་རང་རང་གི་
ཕྱོགས་ཀྱི་ཆ་ཞེས་པ་གློ་འབུར་གྱི་ཚད་དོ
། །སོར་མོ་
ཕྱེད་དང་གཉིས་ནི་མགྲིན་པའི་གློ་འབུར་གྱི་ཕྱིར་འབུར་བའི་ཚད་
དང་སོར་མོ་
གཅིག་ནི་གདོང་གི་གློ་འབུར་གྱི་ཕྱིར་
འབུར་བའི་ཚད་དོ
། །སོར་མོ་
ཕྱེད་བཅས་བཅུ་གཉིས་གདན་གྱི་དཔངས་ཚད་དོ
། །གདན་དེའི་སྟེང་གི་པདྨའི་མཐའ་
དེ་ནས་ལྟེ་བའི་པདྨའི་
མཐར་ཐུག་དང༌། །དེ་བཞིན་ལྟེ་བའི་པདྨ་ནས་
ཐུགས་ཀའི་ཁོར་ཡུག་དང་དེ་ནས་