[A:༡༣༨]པ་རིན་ཆེན་ཚར་དུ་དངར་བ
འི་ཕྲེང་བ་དེ་རྣམས་
སྤྱི་བོས་མཆོད། །སྟོང་ཉིད་དུས་གསུམ་ངོ་བོ་ཉིད་སྐུའི་རང་བཞིན་
རྣམ་པར་རྟོག་མེད་སྐྱེས། །ནམ་མཁའི་རིན་ཆེན་ནང་དུ་ཤར་བའི་
ཆུ་ཟླ་བ་ལྟ་བུ
འི་རི་མོ་འདུས་མ་བྱས་པའི་གར། །འཇམ་པའི་
དབྱངས་དེ་ཉིད་
སྲིད་པ་སྒྱུ་མའི་འཁྲུལ་འཁོར་གྱི་
ཟོལ་ལ་བརྟེན་ཡང་འཇམ་པའི་དབྱངས་
དངོས་ཉིད་དུ། །ཀུན་གྱིས་
ངེས་པའི་པཎ་ཆེན་ཀུན་དགའ་རྒྱལ་མཚན་དེ་ཡིས་བདག་བྱིན་གྱིས་
རློབས། །སྲིད་ཞིར་རྟག་ཏུ་གནས་པའི་བཀྲ་ཤིས་ཀྱི། །དངོས་པོ་ཐམས་ཅད་གང་གི་ཡོན་ཏན་དུ། །ཤེས་བྱ་ལམ་རྣམ་པར་དབྱེ་བ་ལས་བཤད་པའི་ཏིང་ངེ་འཛིན་གྱི་ཡོན་ཏན་གྱི་རྒྱན།
ཀུན་གྱིས་ཚོར་བའི་སྒྲ་ཉིད་དུ། །དབྱེར་མེད་འདོད་པ་གཅིག་ཏུ་མཉན་པར་བཀོད། །འབྲས་བུ་བདེ་བར་གཤེགས་པའི་སྙིང་པོ་ཡོངས་གྲུབ་དུ་གྱུར་པ་
ལ། །རྣམ་པ་ཐམས་ཅད་མཁྱེན་པའི་སར་བཞེད་པ་དེ་ཉིད
། །གྲུབ་ཕྱིར་ཁྱབ་བདག་དུས་མཁྱེན་རྒྱལ་པོ་ཡི། །མདོ་བསྐལ་བཟང་ལས། དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་པོ་ནི། །སྙན་ངག་མཁན་དེ་བདེ་གཤེགས་རྩ་མཆོག་ལ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས་ཀྱང༌། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་བཤད་པ་ལྟར། སྙན་ངག །
རྣམ་ཐར་དབྱངས་ཀྱི་དཀྱིལ་འཁོར་རྫོགས་པའི་གླུ། །དད་པའི་རང་བཞིན་ཀུན་ནས་ཡངས་པ་ཡི། །གཏིང་མཐའ་དཔག་པར་དཀའ་བ་ཆུ་ཡི་གཏེར། །བསྲུབས་པ་ལས་
སྐྱེས་ཞེས་རིག་བྱེད་གཏམ་རྒྱུད་དུ་བཤད་པའི་
ཟླ་བ་དག་པའི་ཆ་ཤས་རེར། །ལེགས་བཤད་བསིལ་ཟེར་བྱེ་བ་འཛག་པ་ཅན། །དབྱངས་ཀྱི་རྒྱལ་མོ་སྙན་ངག་རིག་པའི་དཔྱིད།