[A:༡༣༩] །ཉམས་དང་འགྱུར་བ་
ཕུལ་ཆེ་བ་
སྟོང་གི་འཛུམ་ཞལ་ནས། །རྣམ་ཐར་འདི་ཉིད་
སྨྲ་བ་དོན་ལྡན་ངོམ་པའི་ལྕེ་བཞིན་དུ། །རྟོགས་བརྗོད་བནྡྷུ་ཛཱི་བ་ཀ་སྟེ་རྩ་ལག་འཚོ་ཞེས་པའི་མེ་ཏོག་དམར་པོ་
འདི་བསྐྲུན། །དེ་ཡང་ས་ལ་བདེ་འགྲོ་ལྷའི་
གྲོང་ཁྱེར
། །འཕོས་པ་
གང་ཡུལ་གྲུ་དེ་ལ་དཔལ་འབྱོར
། །སྲིད་རྩེར་ལུད་པ་ཀཻ་ལ་ཤའི། །ས་འཛིན་ཁོར་ཡུག་དག་གིས་བརྟེན། །མུ་ཏིག་འོད་ཆགས་འཛུམ་དཀར་གྱིས། །ལེགས་དཔྱད་གཏམ་འདི་བསུ་བ་ཡི། །རབ་རྟོག་གི་རྒྱན་
ཀུན་དགའ་ཁོང་ནས་དགོད་པ་བཞིན། །ལྗོངས་ཀྱི་ཐིག་ལེ་བཟང་པོ་འདར། །རྒྱལ་བའི་དཀྱིལ་འཁོར་ཀུན་ཚོགས་ནས། །གཞན་གྱི་
དོན་ལ་
སྤྲོས་པ་རྨད་བྱུང་བུ། །འོད་ལྡན་འཆི་མེད་ལྷའི་
ལམ་ལས་བབས། །སར་གནས་དེ་ལ་ལྷ་ཐོག་མ་གནམ་ལྷ་སྤྱི་རིང༌། གནམ་ལྷ་གཡུ་རིང༌། གནམ་ལྷ་དབུ་སེ་དང་མཆེད་གསུམ་ལ་སྟོད་མངའ་རིས་ཀྱི་ ས་མཚམས་སུ་བྱོན། གདུང་བརྒྱུད་འདི་ལྡོང་རུས་ཆེན་བཅོ་བརྒྱད་འདུལ་མཁན་གྱི་གཙོ་བོ་གནམ་ལྷ་གཡུ་རིང་ནས་དེད་པའི་
རིགས་ཞེས། །གྲགས་པས་མཚན་ཡང་ཉིན་བཞིན་དཀར། །སྣང་བས་ཆོས་ཀྱི་པདྨ་དང༌། །སྲིད་པའི་ཀུནྡ་ལྷན་ཅིག་ལྷན་ཅིག་བརྗོད་པའི་རྒྱན་
དར་ཞིང་
། །ཉི་ཟླའི་བྱེད་པ་འགོག་འགོག་རྒྱན་
པ་བྱུང་ངོ་
། །མངོན་མཐོ་ལྷ
འི་རིགས་དེ་ས་གཞི་ལ། །འགྲོ་བའི་
བསོད་ནམས་སྐྱེ་བར་ལྡན་པའི་ཞིང༌། །རྣམ་དག་འགྲོ་ལ་ཕན་པས་འཚོ། །བསྔགས་པར་རབ་འོས་ཇི་སྙེད་ལས། །ཁ་ཅིག་མ་སངས་དཔའ་བོ་ཆེ་སྟེ་དེ་ཡང་གནམ་ལྷ་གཡུ་རིང་གིས་དམུའི་བུ་མོ་དམུ་བཟའ་ལྡེམ་བུ་ཁབ་ཏུ་བཞེས་པ་ལ། མ་སངས་སྤུན་བདུན་སྐྱེས་པའི་གཅེན་དྲུག་འོད་ཀྱི་ལྷ་ཐག་བརྐྱང་ནས་ལྷ་ཡུལ་དུ་གཤེགས། གཅུང་གིས་ཐོག་ལྷ་བོད་ཆེན་གྱི་བུ་མོ་ཐོག་ལྕམ་འུར་མ་ཁབ་ཏུ་བཞེས་པ་ལ་སྲས་ཐོག་ཚ་དཔའ་བོ་སྟག །དེས་ཀླུའི་བུ་མོ་ཀླུ་ལྕམ་བྲ་མ་ཁབ་ཏུ་བཞེས་པའི་སྲས་ཀླུ་ཚ་སྟག་པོ་འོད་ཆེན། དེས་མོན་བཟའ་མཚོ་མོ་རྒྱལ་ཁབ་ཏུ་བཞེས་པ་ལ་སྲས་གཅིག་གཡའ་དང་སྤང་གི་མཚམས་སུ་སྐྱེས་པས་མིང་གཡའ་སྤང་སྐྱེས་གཅིག་ཏུ་གྲགས་པ།
བསྟན་དགྲ་བསད་པའི་གྲངས་འདི་ཞེས། །གདོང་དམར་བརྗིད་པའི་སྨིན་མཚམས་སུ། །ཁྲོ་གཉེར་སྟོང་གིས་འདྲི་འདྲ་བྱོན། །ཆེ་བའི་སྙིང་གི་སྟོབས་དེ་དང༌། །སྒྱུ་རྩལ་རྩེ་འཇོས་བརྒྱན་པའི་མ་སངས་གཡའ་སྤང་སྐྱེས་གཅིག་དེ་