[A:༢༠༤]པོ་
རྒྱ་གར་
ནས། །ཚངས་པ་དང་
སོགས་ཀྱི་སྒྲས་དབང་ཕྱུག་དང་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་
རིགས་ཀྱི་བདག་པོའི་ལྷར་གཟུང་བར་བྱས་
ལ། །ཕྱི་རོལ་པའི་དྲང་སྲོང་
སེར་སྐྱའི་བསྟན་པ་འབྱུང་པོའི་བྱ་ཡི་མིག་ལྟ་བུ་དེ
། །ཚུལ་མིན་ལོག་པར་ལྟ་བའི་
མུན་པས་གསལ་བར་བྱེད་པ་
ལ་མཁས་པ་དང༌། །གྲུབ་པའི་ཕ་རོལ་ཕྱིན་པའི་མཚན་མོར་བྱེད་ཅིང་
། །ནང་གི་རིག་པའི་
དེ་ཉིད་སྤྱོད་པ་
ལས་ཕྱི་རོལ་དུ། །གར་བའམ་ལོགས་སུ་གྱུར་པ
འི་མུ་སྟེགས་ཀྱི་
སྡེ་པ་མ་ལུས་པ་
ཁོངས་སུ་
ཆུད་པར་ཡང་གྱུར་
ལ། །སྒྲ་ཚད་མ་ལ་སོགས་པ་ཕྱི་ནང
་ཐུན་མོང་གི་
རིག་པའི་གནས་ཀུན་ཤེས་པའི་སྤྲིན་གྱི་ཕུང་པོ
། །དྲེགས་པས་
མྱོས་པའི་སྒྲ་
འབྲུག་བཞིན་
ཏུ་ལྡིར་བའི་ང་རོ་ཅན། །མཐུ་དང་གྲགས་པའི་ས་བོན་འགྲེམས་པར་
འདོད་པའི། །ས་པཎ་ལ་
འགྲན་འདོད་ཀྱི་
བློས་རི་ལ་སྤྱི་བོས་བརྡུང་བ་ལྟ་བུ
འི་རྩོད་པའི་
སེམས་ཏེ
། །རང་ཉིད་ཉམས་པའི་ཕྱིར་དུ་སྐྱེས་པ་ཡི། །འཕྲོག་བྱེད་ལ་སོགས་མུ་སྟེགས་ཀྱི་
སྟོན་པ་དྲུག་འཁོར་བཅས་རྣམས་འདི་སྐད་དེ
། །བོད་
ཁ་བ་རི་ཡི་ངོགས་ན་གཽ་ཏ་མའི། །རྗེས་སུ་མཐུན་པར་ཞུགས་པ་བུད་མེད་ཀྱི། །བརྟུལ་ཞུགས་ལྟ་བུ་
གྱ་གྱུར་སྤྱོད་པའི་སེམས་འཆང་བ། །དུལ་བའི་ཚུལ་འཆོས་མཁན་ཞིག་ཡོད་འདུག་པ་
དེ་གཞོམ་མོ་ཟེར། །ཐུན་མོང་གི་
དངོས་པོ་གྲུབ་པའི་རྫུ་འཕྲུལ་དང༌། །ལྷན་ཅིག་སྐྱེས་པ་ལྟར་མཛེས་དུ་ཀཱུ་ལའི་རས་དཀར་པོ
། །གཤོག་རླབས་བསྐྱོད་པའི་གྲིབ་མ་ས་ལ་འགྲོ་བ་དེ་
རྩོད་པ་ལས། །ཕྱི་བཤོལ་ལེགས་པར་བྱེད་པ་ལྟར་
རྒྱུག་པ་རབ་རྟོག་གི་རྒྱན་
བཞིན་དུ་ནམ་མཁའ་ལ་
འཕུར་ཏེ་སོང་ནས
། །དཔལ་ལྡན་དྲ་བ་སྡོམ་པའི་ནམ་མཁའ་མཆོག །དངོས་པོ་ཀུན་གྱི་ཐིམ་པ་གཅིག་པུ་པ། །གསང་བ་བསྡུ་བྱེད་མཁའ་འགྲོ་དུས་མེ་དམར་པོ
འི་གདོང༌། །ཟུང་འཇུག་དགྱེས་པར་རོལ་པའི་ཧེ་རུ་ཀ་བདེ་མཆོག །
དེའི་གནས་གངས་ཅན་ཉེ་ཐུགས་འཁོར་
བའི་ཚནྡོ་ཧ། །ས་ལ་ཁྱད་པར་འཕགས་པ་ཤིང་ཀུན་དང༌། །ཧ་ཅང་མི་རིང་མང་ཡུལ་སྐྱིད་པའི་གྲོང༌། །མིང་དང་མཚུངས་པར་བཀོད་པའི་དོན་གྱིས་ཕྱུག །དུས་མཐའི་འབྱུང་བ་ཆེན་པོ་བཞི་ཁྲོས་པས་ཀྱང་
། །མི་བརྫི་བ་རྒྱ་གར་
རྡོ་རྗེའི་གདན་ནས་དཔག་བྱའི་ཚད།