[A:༢༠༣]
ཞེས་པ་སྔོན་ལྷ་རྣམས་ཀྱི་རང་རང་གི་གཟི་བྱིན་གྱི་ཆ་ཤས་བསྡུས་པ་ལས། བུ་མོ་ཐིག་ལེའི་མཆོག་མ་ཞེས་བྱ་བ་མཛེས་ཤིང་ཡིད་དུ་འོང་བ་གཅིག་སྤྲུལ་ཏེ། ཚངས་པ་ལ་བསྐོར་བ་བྱེད་དུ་བཅུག་པ་ན། དེའི་གཟུགས་ཀྱིས་སེམས་ཕྲོགས་པས། དེ་ལ་བལྟ་བའི་ཕྱིར་ཕྱོགས་བཞིར་གདོང་བཞི་དང༌། སྟེང་དུ་མགྲིན་པ་དང་བཅས་པའི་གདོང་གཅིག་སྤྲུལ་པ་ལས། སྟེང་གདོང་ལྷ་དབང་ཕྱུག་གི་སེན་མོས་བཅད་པར་བྱས་ཞེས་རིག་བྱེད་ཀྱི་གཏམ་རྒྱུད་ལས་བཤད་པ་དང་སྦྱར་རོ།
བཏང་སྟེ་ངོ་མཚར་བར་གྱུར་པའི་
གདོང་བཞི་བསྐྲུན་པས་བྲིས། །མི་ཤེས་མུན་པ་སྤངས་པ་མཁྱེན་པའི་རབ། །སྨྲ་བའི་རྒྱལ་པོར་གྲགས་པ་མཐའ་ཡས་པའི་
སྐད་འདིའི་ ནི
། །གླིང་བཞིའི་ཁམས་སུ་ཤོང་བའི་གོ་སྐབས་ཅི་ལ་ཡོད་དེ
། །སྲིད་པའི་གཙུག་ཏོར་ཞེས་པ་སྲིད་རྩེ་
རྒལ་བའི་རྩེར་ཡང་གྲགས་པ་ཕུལ་བྱུང་གི་རྒྱན་
ལུད་པར་གྱུར་ཏོ
། །ཁྱད་པར་པཎ་ཆེན་ཤཱཀྱ་ཤྲཱིའི་
སློབ་མ་མཆོག་རྣམས་ཀྱིས། །རྟོག་གེའི་འཁྲུལ་པ་
འཇོམས་པར་བྱེད་ས་པཎ་
ཉིད་ཀྱི་
གསུང་ཚད་མ་
རིག་པའི་གཏེར་ཞེས་བྱ་བ་དེ
། །འཆི་མེད་ལྷའི་
གྲོང་གི་ཡི་གེར་ལཱཉྩ་ན་
འཁྲུངས་པའམ་བཀོད་པ
འི་སྐྱེས་བཟང་པོ
། །རྒྱ་གར་བ་རྣམས་ཀྱིས་
རྣ་བའི་རྒྱན་དུ་ཡུན་རིང་པོའི་བར་ལ་
མཛེས་པར་བྱིན་ནོ
། །འཕགས་ཡུལ་དམ་པའི་ཆོས་ཀྱི་ཉིན་བྱེད་ཀྱིས། །ལེགས་པའི་ལམ་ཆེན་པོར་
འདྲེན་པའི་སྣང་བ་མཆོག་ཏུ་
ཆེར
། །གང་ཞིག་
ཤར་བ་
དེ་ཡིས་བོད་བླུན་པདྨའི་ཚལ་གྱི
། །བློ་གྲོས་ཀྱི་
འདབ་བརྒྱ་གྲོལ་ལ་མཚར་ཅི་ཆེ་སྟེ་ཆེ་རྒྱུ་མེད་དོ
། །དེ་བས་ན་
རྒྱ་གར་མཁས་མང་ཁེངས་པའི་ལག་ལྡན་གླང་པོའི་
སྡེ། །གསོད་བྱེད་རལ་པ་ལྡན་པའི་སེང་གེ་
ལྕེ་བཞིན་དུ་དེའི་
གསུང༌། །མཛེས་མའི་རྐང་པས་བསྐྲུན་པ་བོད་
གངས་ཅན་གྱི། །བསྟན་བཅོས་མྱ་ངན་གྲོང་ཁྱེར་མའི་རྐང་པས་བསྣུན་ཚེ་ཤིང་མྱ་ངན་མེད་པའི་མེ་ཏོག་དམར་པོ་ཁ་འབྱེད་པ་རྟོག་གེ་འབར་བ་ནས་བཤད་པ་དང་སྦྱར་
མེད་པ་འཕགས་པའི་ཡུལ་དུ་
དར་བ་
དེ་རྨད་དུ་
བྱུང་ངོ་
། །དེ་ཚེ་རྒྱ་གར་
ལྷོ་ཕྱོགས་དཔལ་གྱི་དུམ་བུ་ནས་འཕྲོག་བྱེད་རལ་པ་ཅན་ཞེས་བྱའོ
། །སངས་རྒྱས་ཤཱཀྱ་
ཐུབ་པའི་ཞི་དུལ་
ལ་ལྡང་བའི་སེམས་
ཕྲག་དོག་གི་
དྲི་ཆེན་པོ་འཐུལ་བ་དེ་ཉིད
། །ཉོན་མོངས་པའི་
རླུང་དང་སྦྱར་བའི་མཚོན་གྱིས་ཉེར་སྦགས་པ། །འདོད་པའི་གཡུལ་ངོ་གཤོམ་ལ་ཉམས་སུ་སྤྲོ། །རིག་པའི་ཡལ་ག་སྟོང་དུ་གྱེས་བྱས་པར། །རྣམ་པར་བལྟ་བའི་མེ་ཏོག་རབ་ཏུ་
བཞད་པའི་སྒྲ། །བསྙེངས་པ་དང་
བྲལ་བའི་
གེ་སར་གྱི་
རལ་པ་བསིག་པ་ལ། །དོ་ཟླ་བཙལ་དཀའི་འབྱུང་གནས་ཆེན་