[A:༢༠༦]ཚོགས་ཆེ་བས། །བར་སྣང་འཛུམ་གྱིས་མཆོད་པའི་ངོ་མཚར
་གྱི་
རྒྱུུ་གང་ཡིན
། །འདྲི་བ་
བཞིན་དུ་ས་འོག་
ཀླུ་ཡི་དཀྱིལ་འཁོར་མཐའ་དག་ཀྱང་
ས་སྟེང་དུ་
རྫོགས་རབ་རྟོག་གི་རྒྱན་པར་གྱུར་ཏོ
། །དཔུང་པ་འདོད་དགུའི་མཛོད་ཀྱི་ཀ་བ་ཅན། །གནོད་སྦྱིན་གྱི་ཚོགས་རྣམས་
ནོར་བུའི་ཆར་འབེབས་ཤིང་
ནམ་མཁའ་ལྡིང་དེ་རྣམས་ནི་ལག་ན་ཐོགས་པའི
། །བུམ་པ་བཟང་པོ་གང་བའི་འཆི་མེད་རོ། །རྟག་པ་བདུད་རྩིའི་ཆུ་བོ་བསྒྲེང་བའི་སྒྲས། །ལྟོ་འཕྱེའི་ཚོགས་རྣམས་
གཉིད་ལས་སད་དེ་གཏི་མུག་གི །མུན་པ་རྒུད་པའི་སྣང་བ་མཆོག་གི་རླབས་ཆེན་པོ
། །མཐོང་ན་མི་མཐུན་པ་
མེད་པ་དེ་
ལ་ལྷ་མ་ཡིན་གྱི་དབང་པོ
། །ཐགས་བཟངས་རྒྱལ་པོ་སྡེར་བཅས་ཡང་དེར་བལྟ་བར་གྱུར་ཏོ
། །དྲི་ཟ་དང་
མིའམ་ཅི་རྣམས་ཀྱང་དགའ་བའི་
གླུ་དག་དང༌། །རྒྱུད་མངས་བསྲེས་པའི་སྒྲ་ཡི་རྒྱ་མཚོ་ལས་སྐྱེས་པའི
། །རིན་ཆེན་མི་ཟད་ཚིག་གི་འབྱོར་པ་བདུད་ཚར་གཅོད་པའི་དུས་སུ་བླང་བ
འི་ དབྱངས། །དྲུག་ལས་སྐྱེས་པ་
དང་ཁྱུ་མཆོག་གི་
ངེས་པས་བསྟོད་པར་བྱེད་དོ
། །དགའ་དང་སྐྱི་གཡའ་གཉིས་ལྡན་དུ། །བླང་བའི་སྤུ་ལོང་གི་
གོས་ཅན་རྣམས་
ལུས། །ཉིན་ཡང་ཟླ་འོད་གསར་པ་ཡིས། །བྱུག་པ་ལྟར་དཀར་བ་
རྣམས་ཀྱི་དབུས་སུ
། །འགྲོ་ཀུན་ཕྱག་འཚལ་བའི་
ལུས་རེ་ཡང༌། །སྣང་བརྙན་བརྒྱ་རུ་ཟློས་པའི་གར། །རབ་ཏུ་
གསལ་བ་འཛིན་པ་
ནོར་བུའི་ཁྲི་འབྱོར་པ་རྒྱ་ཆེའི་རྒྱན་
དེ་ལ། །དཔལ་ལྡན་རྩོད་པའི་ཁྱུ་མཆོག་ས་སྐྱ་པཎྜི་ཏ་དེ་ཉིད་
བཞུགས། །རིན་ཆེན་གདུགས་མང་ནམ་མཁའ་ལ། །དགོད་པས་ས་པཎ་
གང་གི་གཙུག་ཏོར་གྱི
་རྩེ་མོ
། །བལྟར་མི་མངོན་ཡང་མཐོང་དུ་
རེ་བའི་བསམ་པས
། །རིང་དུ་འཕགས་ཤིང་འཁོར་བ་བཞིན་ནོ་རབ་རྟོག་རྒྱན
། །མགྲིན་པ་དབྱངས་ཅན་གྱི་
གྲོགས་པོར་གྱུར་པ་དེ་
ལས། །སཾ་སྐྲྀ་ཏ་
ལྷ་ཡི་སྐད་ཀྱིས་ཤིས་པའི་ཚིག་ཙམ་རེ
། །སྔོན་དུ་བཏང་བར་
བྱས་ནས་
མུ་སྟེགས་བྱེད་དེ་རྣམས
། །ཆེན་པོའི་སྟང་ཀས་འགྱིང་བར་བྱེད་
བཞིན་དུ། །རི་དྭགས་
ཀྲྀཥྞ་ས་རིའི་ལྤགས་སྟེངས་སུ་
འཁོད་པའི་ཚེ
། །བདག་ཉིད་ཆེན་པོའི་གཟི་བྱིན་གྱི་ཕུང་པོ་མཐོང་བ་ཙམ་ན་ཡིད་
ཞུམ་པའི་ཚ་བས་ཉེན་པ་ལ། །འགྲམ་པའི་དཀྱིལ་འཁོར་ཡ་ང་ནས། །དངུལ་ཆུའི་བསིལ་བས་བྲན་པ་བཞིན་རབ་རྟོག་གི་རྒྱན
། །དེ་ནས་འཕྲོག་བྱེད་འདི་