R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༠༧
[A:༢༠༧]སྐད་ལོ། །བརྟན་གཡོའི་བྱེད་པོ་གཅིག་པུ་པར། །སྲིད་པས་བསྐོས་པའི་
ལྷ་
ཚངས་ཆེན་ལས། །ལྷག་པའི་སྐྱབས་གཞན་དམིགས་སུ་མེད། །
མེས་པོ་
དེ་ཉིད་ནས་བརྩམས་
ཏེ་
དྲང་སྲོང་
གི་
རྒྱུད། །གཙང་མའི་རིགས་འཛིན་
པ་
ཁོ་བོ་ཅག །
དཀོན་
མཆོག་གསུམ་
གྱི་
སྐྱབས་
གནས་
དང་གཽ་ཏ་མའི། །རིང་ལུགས་དག་ལ་ལྟོས་མ་མྱོང་
ཞེས
། །སྨྲ་
བ་དེ་
ལ་སྙིང་རྗེ་
དཀྱིལ་འཁོར་དེ་
ཀུན་རྫོགས་
པའི་
ཐུགས། །
ཡུལ་གང་ལ་ཡང་
གཡོ་
བ་
མེད་
པའི་
མཚན་མ་
དང་ལྡན་པའི་
ཤེས་རབ་ཀྱི། །དབང་ཕྱུག་རྨོངས་པའི་དགྲ་བཅོམ་
པར་མཛད་པའི་ཞལ་གྱི་
མཆུ། །དམར་གསལ་
དུ་
སྦྱོར་བས་ལན་གསུངས་པ། །དྲང་སྲོང་
ཞེས་བོད་པ་མཛད་ནས་ཁྱོད་རང་
བསྐལ་པའི་མིག་དག་ལྡོངས་ཚོ་ཁྱབ་བདག་སྣང་བའི་བདག་པོ་
ཉི་མ་
ཆེ
ན་པོ་དེ་ཉིད
། །རིས་མེད་
དུ་
ཤར་ཡང་མཐོང་བྱར་མེད་
པ་
དེ་སུ་ཞིག་
གི་
ལས་
ཀྱི་
མཐའ་ཡིན་
པ་
ལ་ལྟོས་
ཤིག །རང་ཉིད་
གཅིག་པུར་གནས་ཀྱང་རང་ལུས་ལས་སྐྱེས་གཉིས་པའི་གྲོགས་པོ་གྲིབ་མའི་གཟུགས་
དེ་ཡང་
། །ཁྲེལ་བས་སྨྲ་བཅད་
ཀྱི་
ཟོལ་ལ་རྟེན་
པར་
བྱེད་
ན་དེ་བས་ཁྱོད་ཉིད་
སྡིག་པའི་གཏམ་
དེ་
དག་ཡོངས་
སུ་སྨྲ་བར་
མ་བགྱིད་
ཅིག །
དེ་ཕྱིར་ནམ་མཁས་གར་ཁྱབ་པའི། །དབྱིངས་གང་སངས་རྒྱས་
ཐུབ་པ་
དེའི་རང་བཞིན་
ཡིན་ཏེ
། །མ་གུས་
པའི་
སེམས་འཆང་
བ་
ཁྱོད་རང་ཡང༌། །ཡེ་ཤེས་དེར་
དབྱིངས་གཅིག་
ཐིམ་
པ་ལས་
གུད་དུ་མེད་
ཅིང་
། །ཁྱོད་ཀྱི་རྣམ་འདྲེན་
ཚངས་པ་
གདོང་བཞི་པ། །ངེས་པར་ཐུབ་པ་མཆོག་ལ་དད་
པ་ཡིན་ཏེ
། །དེས་ན་
ཚངས་པ་
གང་གི་མགོན་པོ
ར་གྱུར་པའི་སངས་རྒྱས་དེ་
ལ། །
ཁྱོད་
ཅི
འི་
ཕྱིར་དད་
པ་དང་
འདུན་
པ་
ལྷོད་པར་བྱེད་
པ་ཡིན་ནམ
། །ཚངས་
པ་དེ་ཉིད་ཀྱི་
ཀྱང་རྨོངས་
པ་
ཆེན་
པོ་
འཁོར་བ་ཡི། །མངལ་གྱི་རྒྱ་ལས་ཐར་
པར་
མ་གྱུར་
པ་དེའི་ཕྱིར
། །གཏི་མུག་མུན་པའི་དྲ་བ་ཆེ
ན་པོ
ས། །བཅིངས་ནས་མནལ་
བ་སྟེ་གཉིད་དུ་སོང་
བ་མ་ཡིན་ནམ། །ཞེས་སོགས་རྒོལ་བའི་གླང་ཆེན་ཁྱུར། །འཇིགས་
པ་
མེད་
པའི་
སེང་གེ་ཞུགས་པའི་སྐད་
ཀྱི་ང་རོ
། །དང་པོར་བསྒྲགས་པ་ཙམ་ཉིད་ན། །
འཕྲོག་བྱེད་
དེ
འི
་སྙིང་བཟོད་དཀའི་དོགས་པས་ནོན་
པར་གྱུར་ཏ་རེ
། །ཐ་སྙད་
ཀྱི་
སྤྲོས་པར་ཟད་པའི་མཐའ། །མེད་ཀྱང་
རང་ཉིད་
ཚིག་གིས་དབུལ་བའི་བློར། །
སེམས་
འཁུ་
བར་གྱུར་པའི་
ཕྱིར་འགྱུ་བ་བསྡུས་པ་ཡི། །
རེ་ཞིག་
ཅི་ཡང་མི་སྨྲའི་