[A:༢༠༨]རྫུ་ལ་བརྟེན་
པར་གྱུར་ཏོ
། །དུས་
དེ་སྲིད་ནས་བརྩམས་ཏེ་
འཇིག་རྟེན་གྱི་
མིག་ཉི་མ་དེ
། །ས་པཎ་
གང་གི་ཡ་མཚན་མཐོང་བ་ཡིས། །བསྐོར་བ་བྱེད་བཞིན་ཤར་བའི་གྲངས། །ལན་
བཅུ་གཉིས་འདས་པའི་བར་ཉིད་ལ། །སྔོན་ཆད་གཞན་གྱིས་ཐོས་དཀའ་བའི། །དགག་སྒྲུབ་ཚིག་གིས་སེམས་མེད་ཀྱི། །རི་བོ་རྣམས་ཀྱང་འགུལ་བར་
བྱེད་པའི་
གཏམ། །མཁས་པའི་རྣ་རྒྱན་རིན་ཆེན་སྤྲོས། །རྣམ་པར་རྟོག་པའི་འཕྲོ་འདུ་ཡི། །ས་བོན་ཁྱད་དུ་མེད་པའི་རྒྱུན། །འབའ་ཞིག་པ་བཞིན་རིག་པའི་མཐུ་དང་ལྡན་པ
། །རྩོད་པ་
རྒྱལ་ཕམ་ཕལ་ཆེར་རེ་མོས་ཅན་དུ་གྱུར་པ་ལས
། །མུན་པས་འོད་ཀྱི་
སྣང་སྒྲིབ་པའི་ཆོས་དེ་འདྲ
། །ནམ་ཡང་
སྲིད་པ་མིན་པའི་དབང་པོ་རུ། །གནམ་གྱིས
་བསྐོས་པ་
བཞིན་དུ་རྟ་ལྗང་ཅན། །འཆར་བར་
བྱེད་པ་
བཅུ་གསུམ་པའི་
གདུགས་དེ་ལ། །དཀར་བ་ནང་པའི་བསྟན་པ་
དང་ནག་པའི་ཕྱི་པ་
ཕྲིན་བསྟན་པ་སྟེ་
ལས་ཀྱི་
རླབས་ཆེན་པོ་གཉིས
། །རྣམ་པར་གཡོ་བས་ཡིད་བརླན་པ། །སོ་སོའི་
གྲུབ་པའི་མཐའ་བཟུང་
སྟེ་རང་རང་གི་
བསྟན་པ
། །རྒྱལ་བའི་རུ་མཚོན་ཉིད་དུ་ཞེས་རང་རང་གི་བསྟན་པ་རྒྱལ་དུ་
བཙུགས་ནས་དམ་བཅས་པ་ནི
། །འཇིགས་མེད་སྤོབས་པའི་མཐུ་ལས་གྲུབ་པའི
། །ལུང་དང་རིགས་པ་རྣོན་པོ་ཡིས། །ཕས་རྒོལ་གྱི་
སྙིང་ལ་གནས་སར་ཕུག་པའི་
བུ་ག་བཀོད་པའི་ཤུལ་དུ
། །རང་གི་
གཞུང་ལུགས་
འགྲན་པར་
ནུས་པ་སུ་ཡིན་པ་
དེ་གང་ཞིག །རྩོད་པ་ལས་
རྒྱལ་བར་གྱིས་ལ་སུ་ཕམ་པ་དེའི་
སྒོ་གསུམ་གྱི་
ཡུལ། །མི་ཕྱེད་པའི་དད་པས་
དངོས་ཀུན་རྩོད་པ་སུ་རྒྱལ་བ་
དེར་བཏུད་པར་གྱིས་
ལ། །རང་རང་གི་
སྔར་བཞེད་པའི་
གྲུབ་མཐའ་དང་ལྷན་ཅིག་ཏུ
། །སོ་སོའི་ཆ་ལུགས་ཀྱི་
རྟགས་དང་མཚན་མ་ཐམས་ཅད་ཀྱང་
རྩྭ་བཞིན་དུ་
ཐོང་ཅིག་ཅེས
། །ཀུན་ལ་ཉེ་བ་
དང་འཁོན་མེད་པར་སར་དྲང་པོར་གནས་ཤིང་
། །རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན་གྱི་
བརྟེན་དུ་གྱུར་
པ་པའི། །ལྷ་མོ་བསྟན་མ་དེ་ཉིད་
བདེན་པའི་དཔང་པོར་
གནས་པར་གྱིས་
ལ། །རྩོད་པའི་གཡར་དམ་ཆེན་པོ་བྱས་པའི་ཚེ
། །འཕྲོག་བྱེད་ཀྱིས་ནི་ཀུན་གསལ་ནམ་མཁའ་
ལ། །རྐང་སྟེགས་འཆའ་བ་
དང་རིག་པའི་སྒོ་ཆེན་པོ
། །ཇི་སྙེད་ཅིག་
དབྱེ་བ་ཡངས་པའི་ངག །བཟོད་ནུས་
མིན་པ་དེ་འདྲའི་
ལམ་དུ་ཅི་སྟེ་སྡོད་པར་ནུས
། །སྙམ་སྟེ་རང་རྒྱུད་
ཡོན་ཏན་ཆེན་པོའི་
མཛོད་བཟུང་ཡང༌། །སྐྱེ་བ་
གཞན་གྱི་
བག་ཆགས་འཇིགས་སུ་
རུང་བའི་