R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༡༠
[A:༢༡༠]བའི་མ་
གཅིག་ཏུ་གྱུར་པ
། །མྱུར་སྐྱོབ་
ཀྱི་
ལྷ་མོས་
སྒྲོལ་མ་
ལུང་དུ་བསྟན་པ་
ཡང་
བྱིན་
པར་མཛད་ཅིང་
། །བདེ་བར་གཤེགས་
པ་
ཀུན་
གྱི་ཐུགས་ཀྱི་བཅུད་
སྙིང་པོའི་ཟ་
བར་བྱེད་པའི་
ལུགས་ལ། །མཁས་པ་ཡེ་ཤེས་
ཀྱི་
ལོངས་ལ་སྤྱོད་པའི་མཛོད་
ཆེན་པོའོ
། །རྣམ་པ་ཐམས་ཅད་མཁྱེན་པའི་མཚང་བརྟོལ་བའི། །འཕགས་ཆེན་འཇམ་པའི་དབྱངས་ཀྱི་བློ་
གྲོས་ཀྱི་
མཆོག་སྩལ་
བར་མཛད་དེ
། །དེ་ལྟར་
འགྲོ་བའི་
ལྷ
འམ་བླ་མར་གྱུར་པ་དེ་
ལ་
ཡེ་ཤེས་ཀྱི་
ལྷས་བྱིན་
གྱི་
བརླབས་པ་ཡིས་
ནི
། །མཚུངས་མེད་སྤོབས་པ་རྒྱས་དང་ནམ་ལངས་པ་
གཉིས་པོ་ལེགས་བྱས་ཀྱི་སྣང་བ་སྤེལ་བ་ལ
། །འགྲན་པ་བཞིན་དུ་གསལ་བ་མངོན་སུམ་
དུ་
ཟིན་
ནས
། །མུན་པའི་ཡིད་ཅན་
དེ་དག་
རེ་བའི་ཐག་པ་ཅན། །དཔལ་ལྡན་ཉིན་མོའི་དབང་ཕྱུག་
སྣང་བ་
དམ་པའི་གཏེར། །ཤར་བ་ཁོ་ནས་སྣོད་ཀྱི་འཇིག་རྟེན་འདི། །བཀྲ་ཤིས་ཆེ་བས་བདག་ཏུ་འཛིན་པའི་རྫས་
ཀྱི་མཆོག །
ལི་ཁྲིའི་སྣང་བ་བརྒྱ་དང་ལྡན་པས་འབྱོར་
པར་བྱས་སོ
། །རྒོལ་
བ་
དང་ཕྱིར་རྒོལ་
བའི་
རིག་པའི་མཚོན་
པོའི་
ལམ་དུ། །གྲུབ་པའི་མཐའ་ཆེན་སྤུངས་པའི་སྲོག་ལེན་པར། །འགྲོ་བའི་
ཏིང་ངེ་འཛིན་གྱི་ཡོན་ཏན་
ཤེས་བྱ་ཕ་མཐའ་མེད་པ་ཅན། །རྩོད་པའི་ཕྱི་མཐའ་རྫོགས་བྱེད་གྲ་རུ་ཞུགས། །འཁོར་བ
འི་འཇིང་
ལྟ་བུར་ཟབ་པའི་སྒྲ་
དང་
ལྡན་
པའི་
ཆོས། །
ཚངས་པ་ལ་སོགས་སྲིད་པའི་
ལྷ་ཆེན་རྣམས་ཀྱི་བསྟན་པའི་གནས་ཚད་གང་
ཡིན་པ་དེ་ནི
། །
ད་རེས་བདག་གི་
ལུང་དང་རིགས་པའི་ཁྱད་པར་འདིར་ཐུག་སྙམ་
པའི་སེམས་ཀྱི་ཁུར་ཆེན་པོ་སྟེ་བདག་ཉིད་རྩོད་པ་རྒྱལ་བར་གྱུར་ན་ནི་ལྷ་རྣམས་ཀྱི་བསྟན་པ་གནས་པར་གྱུར་ལ
། །
ཕམ་པར་གྱུར་པ་དེའི་ཚེ་བསྟན་པའི་མཐའ་རྫོགས་སོ། །
ཚངས་རིས་སྟོན་པ་
འཕྲོག་བྱེད་དགའ་བོ་
དེ་ཡིས་ཇི་སྐད་
དུ་བརྗོད་
ན། །ཤཱཀྱའི་རིགས་ཀྱི་ཏོག་དམ་པ
ར་གྱུར་པ
། །
ཤཱཀྱ་སེང་གེ་
དེ་ཡི་རྟགས་དང་བརྟུལ་ཞུགས་
དེ་དག་
ཁྱོད་
ཀྱི
། །འཛིན་ན་ཞྭ་
དང་
གོས་
གོང་བ་ཅན་དང་
ལྷྭམ་ལ་སོགས་
པ་འདི་རྣམས
། །
ཐུབ་པ
་གང་གི་
གཞུང་
ལུགས་དང་ཅིས་མ་འགལ་
ཏེ་འགལ་ལོ་ཞེས་སྨྲས་པ་ན
། །
ལན་མཛད་པ་
ངེད་ཀྱི་འདུལ་བ་
དམ་ཆོས་
འབུམ་སྡེ་
འདི་
ཡི་
གཞུང་ལས
། །དངོས་
སུ་
བསྟན་
པའི་གནང་བཀག་གི་རྣམ་པར་དབྱེ་བ་ནི་རྒྱ་གར་
འཕགས་ཡུལ་
མ་ག་དྷ་སོགས་ཀྱི་
གདུལ་བྱའི་ཆེད། །
ཁོ་ན་
ཉིད་
ལ་དགོངས་པ་
ཡིན་མཐའ་འཁོབ་
བོད་ཀྱི་ཡུལ་
ཁ་བ་
ཅན་པ་འདི་
ཡི། །ལྗོངས་སུ་
ཞྭ་དང་གོང་བ་ཅན་ལ་སོགས་པ་
དེ་ནི་དོན་
ཐོབ་
གྱིས་