R24: ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་བསྐལ་པ་བཟང་པོའི་ལེགས་ལམ།

  • Pagination (Witness A): ༢༡༡
[A:༢༡༡]གནང་
བས་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་དང་འགལ་བའི་རྐྱེན་མེད་དོ་ཞེས
། །སྒྲུབ་ངག་རྣམ་པར་དག་པའི་སྒྲ། །སྟོན་ཀའི་མཁའ་
དྲི་མ་མེད་པ་
ལས་བཏུས་པ་ན། །མ་རིག་
པའི་
བཤེས་
སུ་
གྱུར་
པའི་དྲང་སྲོང་
མདོངས་མཐའ་ཅན་
དེ་དག །
སྐད་མི་འབྱིན་པར་སུན་ཕྱུངས་ཏོ། །
ཡང་ཁོ་ན་རེ་སྲིད་པ་
འདི་ན་བརྟན་
པ་སྣོད་དང་
གཡོ་
བ་བཅུད་ཀྱི་
ཚོན་
རིས་
བརྒྱའི་མདངས། །སྣ་ཚོགས་མ་འདྲེས་རང་རང་གི །གཟུགས་
གསལ་བ་
དེ་
བྱེད་པ་པོས་
གཙོ་བོ་གཅིག་ཉིད་ཀྱིས། །ཁྱབ་པར་བྲིས་པའི་མཐུ་ཡིན་ལོ། །
ལན་མཛད་པ་
སྐྱེ་འགག་
གནས་གསུམ་དང་
བྲལ་བས་ངོ་བོ་ཉིད་
ཀྱིས
། །མེད་
པའི་
ཕྱིར་གཙོ་བོ་
ནི་སྣོད་བཅུད་ཀྱི་
བྱེད་པོ་མིན་
ནོ
། །
གཞན་ཡང་
བརྟན་
པ་སྣོད་ཀྱི་འཇིག་རྟེན་དང་
གཡོ་
བ་བཅུད་ཀྱི་སེམས་ཅན་རྣམས་
རིམ་གྱིས་བྱུང་བའི་ཕྱིར། །གཙོ་བོ་རྟག་པས་བྱས་པ་
དང་
འགལ་
ལོ
། །
དེས་ན་གཙོ་བོའམ་
རང་བཞིན་གཅིག་ལས་མི་གཡོ་བ་ཡིན་ཡང༌། །འཕྲལ་སྣང་གར་མཁན་ལྟ་བུ་
འདི་
ཡི། །བྱེད་པོ་ཟླ་མེད་ཡན་གར་བ། །དེ་ཡང་འདི་ན་མ་དམིགས་སོ་
ཞེས
། །
ཁོང་
མི་ཁྲོ་བརྩེ་བས་བརླན་པ་ཡི། །རེག་པ་བསིལ་བའི་ལན་
དེ་སྐད་
བཏབ་པས། །འཕྲོག་བྱེད་ཡིད་ལ་བཟོད་དཀའི་མེ། །འབར་བས་རང་གཞུང་
ལུགས་
ངན་པ་ཚིག་
མི་འོས་ཤིང་འོས་པའི་རྒྱུའི་རྒྱན
། །
ཡང་ཁོ་ན་རེ་
ཀུན་
ལ་
ཁྱབ་
པའི་
འཇུག་པ་
རྒྱ་
ཆེར་ཡངས་པ། །ནམ་མཁའ་ཇི་བཞིན་མཐར་
མེད་པ་
འགྲོ་ཞིང༌། །ངོ་བོ་གཅིག་རང་
དུ་བདེན་ལ་གཞན་དུ་
འཕོ་མེད་པ། །དེ་འདྲ་གཙོ་བོའི་རང་བཞིན་
ཡིན་ནོ་ཞེས་
ཟེར། །
ལན་མཛད་པ
་ཀྱེ་མ་
ཞེས་སྙིང་རྗེའི་གསུང་སྔོན་དུ་བཏང་ནས་ཡུལ་ལ་འཇུག་པ
་རྡུལ་
དང་ཡུལ་ལ་བློ་ཁ་མ་ཆོག་པ་
མུན་
པ་དང་ཡུལ་ལ་གསལ་པར་འཇུག་པ་ཆེན་པོ་
སྙིང་སྟོབས་ཀྱི། །ཡོན་ཏན་གསུམ་
དང་
ལྡན་
པའི་
དངོས་པོ་དེ་
གཙོ་བོ
། །
ཆ་མེད་
གཅིག་ཏུ་
བདེན་པར་
འདོད་པའི་འགལ་འདུ་ཅན། །
གྲངས་ཅན་པ་
ཁྱོད་ཀྱི་རིག་པ་འདི་ཅི་ཞིག་
ཡིན་ཏེ་སྙིང་པོ་མེད་དོ
། །ངོ་བོ་
ཉིད་
དང་བྲལ་
བའི་
སྟོང་པ་
དེ་
ཡིས། །
དུས་
བསྟན་
དུ་
ཡོད་
པའི་
ཤེས་བྱའི་འབྲས་
བུ་
འབྱིན་
པར་བྱེད་
ན། །རང་རང་
གི་
འབྲས་
བུ་
དང་མི་ལྡན་པའི། །ཆོས་དེ་
འདྲ་
འཇིག་རྟེན་འདི་ན་དཀོན་
པར་ཐལ་ལོ་ཞེས
། །
རྩོད་པའི་འདུན་ས་
གང་དུ་མི་ཡི་སེང་གེ་
བདག་ཉིད་ཆེན་པོ
་དེས། །སྔར་རྒོལ་སོ་གཉིས་
གླང་པོའི་ང་རྒྱལ་གྱི་
དྲེགས་བཅོམ་པས། །ཁེངས་པ་བཏང་བཞིན་འགྲམ་
ལ་གནས་
པ་ཡི། །
སྒྲ་དར་དིར་དུ་སྒྲོགས་པའི་
བུང་བ་
དེ་དག་
རྒྱང་རིང་
དུ་
འཕུར་ཏེ་སོང་
ངོ་
། །
ཡང་ཁོ་ན་རེ་དཔེར་ན
་རྦ་