[A:༡༤༠]ལ། །འགྲན་པའི་ཟླ་ནི་གཅིག་པ་ཅན་
དུ་གྱུར་པ
། །སྲིན་པོ་སྐྱ་རིང་ཁྲག་མིག་ཞེས་བྱ་བ་དེ་ཉིད་མ་སངས་དེས་
བཏུལ། །དེ་ཡི་དགའ་མ་ཉིན་མོར་ཡང༌། །ཟླ་བ་དག་པའི་བཞིན་དང་
ལྡན་མ། །འདི་མཐོང་ཕྱིར་ན་པདྨོ་ཅན། །མཛེས་པའི་ཁེངས་པ་ཟུམ་བྱེད་མཁན་རིག་པའི་རྒྱུའི་རྒྱན
། །མཚར་སྡུག་ཡིད་ལས་སྐྱེས་པ་ཡི། །བ་དན་འདོད་པའི་ཆུ་གཏེར་ལ། །བསྐྱོད་པ་ལྟར་དཀར་བ་ཞིག་ཡོད་པ་མ་སངས་དེས་
བདག་གིར་གཟུང༌། །དེས་བསྐྲུན་བུ་ནས་འཁོན་རིགས་སོ་ཞེས་བྱ་བ་ནི་གཡའ་སྤང་སྐྱེས་གཅིག་གིས་སྲིན་པོ་དེའི་ཆུང་མ་གཡའ་འབྲུམ་སི་ལི་སྨན་བྱ་བ་བཙུན་མོར་བཞེས་ཏེ་སྲས་གཅིག་སྐྱེས་ཏེ་སྲིན་པོ་དང་འཁོན་པའི་བར་དུ་བྱུང་བས་འཁོན་པར་སྐྱེས་ཞེས་བཏགས། དེ་ནས་བཟུང་འཁོན་གྱི་གདུང་རུས་སུ་བརྗོད་འཁོན་བར་སྐྱེས་ཀྱིས་བཙན་བཟའ་ལྕམ་བུ་སྒྲོན་ཁབ་ཏུ་བཞེས། སྲས་བློ་དང་རིགས་གཟུགས་ཕུན་སུམ་ཚོགས་པ་ཅིག་བྱུང༌། འདི་ལྟ་བུ་མི་ཡུལ་དུ་སྐྱེ་བ་དཀོན་ཟེར། མིང་ཐོག་མ་དཀོན་པ་རྗེ་གུང་སྟག་བཙན་དུ་གྲགས།
དེ་ནས་
བོད་རྗེ་ཁྲི་སྲོང་ལྡེའུ་བཙན་པོ
འི་བློན་པོ་མཛད་པས་རང་གི་
བློ་གྲོས་དང༌། །མཚུངས་པར་རྒྱལ་སྲིད་དར་བས་ན། །ཕྱིས་ས་ལ་ དཔའ་དཔལ?བོ་ཆེར་གྲགས་པ་དང་
སོགས། །རབ་མང་ཡོན་ཏན་གྱིས་རྟག་བརྟེན་པའི་འཁོན་དཔལ་བོ་ཆེས་གླང་ཁམས་པ་གོ་ཆའི་ལྕམ་མོ་གླང་བཟའ་ནེ་ཆུང་ཁབ་ཏུ་བཞེས་པའི་སྲས་དང་པོ་ཁྲི་མཛེས་ལྷ་ལེགས། གཉིས་པ་ཚེ་ལ་དབང་ཕྱུག །གསུམ་པ་ཀླུའི་དབང་པོ་བསྲུང་བ། བཞི་པ་ཚེ་འཛིན་རྣམས་ལས་ཀླུའི་དབང་པོ་དེ་ནི།
སློབ་དཔོན་པདྨ་འབྱུང་གནས་ཞི་བ་འཚོའི། །གསུང་གི་བཅུད་ཀུན་སྙིང་དབུས་སུ། །ཉལ་ཏེ་མ་རིག་པའི་
གཉིད་ལས་སད་པས་ན
། །སད་མི་བདུན་གྱི་ཡ་གྱལ་
ཀླུ་དབང་བསྲུང་བ་ཞེས་གྲགས་ཏེ
། །བརྡ་སྤྲོད་སྟེ་སྒྲ་
རིག་པའི་ཟེར་འཕྲོ་བས། །རྒྱ་གར་ཆོས་རྣམས་བོད་ཡུལ་དུ་བསྒྱུར་ཞིང་
། །གསལ་བའི་བདེ་གཤེགས་བསྟན་པ་འདི་ཉིད
། །རབ་ཏུ་
འཛིན་པའི་སྐྱེས་བུར་སྔ་བར་བྱུང་ངོ་
། །ཤེས་རབ་མ་ཉམས་ཐབས་ཀྱི་བདག །གཉིས་སུ་མེད་པ་མཆོག་ཞི་བའི། །རྒྱལ་པོར་དབང་ཕྱུག་རྡོ་རྗེ་འཛིན། །ཡིད་བཞིན་འདོད་འཇོ་རིན་པོ་ཆེ། །ཞེས་བྱ་སྟེ་བཞི་བ་ཚེ་འཛིན་གྱི་སྲས་འཁོན་སྟོན་རྡོ་རྗེ་རིན་ཆེན་དུ་གྲགས་པ་སློབ་དཔོན་པདྨའི་དངོས་སློབ་ཡིན་པ་དེས་འགྲོ་དགྲ་འདུལ་གྱི་བུ་མོ་འགྲོ་གཡང་ལོན་སྐྱིད་ཁབ་ཏུ་བཞེས་པ་ལ།
གང་གི་
རིགས་དེའི་ས་བོན་གང་ལ་སྲས་འགྲོ་ཚ་སྤུན་བདུན་བྱུང་བའི་དྲུག་པ་ཤེས་རབ་ཡོན་ཏན། དེ་ལ་སྲས་གཉིས་བྱུང་བའི་ཆེ་བ་ཚུལ་ཁྲིམས་རྒྱལ་པོ། དེ་ལ་སྲས་གསུམ་བྱུང་བའི་ཆེ་བ་རྡོ་རྗེ་གཙུག་ཏོར། དེའི་གཅུང་འཁོན་དགེ་སྐྱབས། དེ་ལ་སྲས་