[A:༣༡༤]ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་ལྔ་སྟོང་པའི་འགྲེལ་པ་སློབ་དཔོན་འཕགས་པ་གྲོལ་སྡེས་མཛད་པ་ཉི་ཁྲི་སྣང་བ་གསན་ནོ། །ཡང་དེ་ཉིད་ལས་ཇོ་བོའི་ཆོས་ཆུང་བརྒྱ་རྩར་གྲགས་པ་དང༌། ཆོས་ཉིད་རང་གི་ངོ་བོ་ཉིད་ལས་མི་གཡོ་བར་ཐ་དད་པར་སྣང་བའི་མདོ། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གདམས་པའི་མདོ། བད་ས་ལའི་རྒྱལ་པོ་འཆར་བྱེད་ལ་གདམས་པའི་མདོ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པ་ཆོས་བདུན་པའི་མདོ། ཆོས་བཞི་བསྟན་པའི་མདོ། མདོའི་དུམ་བུ་གསལ་རྒྱལ་གྱི་ཚིགས་སུ་བཅད་པ། ཀུན་ཏུ་རྒྱུ་སེན་རིངས་ཀྱིས་ཞུས་པའི་མདོ། མཆོད་རྟེན་ལ་བསྐོར་བ་བྱས་པའི་ཕན་ཡོན། ཚིགས་སུ་བཅད་པའི་མདོའི་དུམ་བུ། སྐྱབས་སུ་འགྲོ་བའི་དུམ་བུ། སྐྱབས་སུ་འགྲོ་བའི་མདོ། སེམས་བསྐྱེད་པ་དང་སྐྱབས་གསུམ་བསྟེན་པའི་མདོ། ཆོས་སྤྱོད་བཅུའི་མདོ། ཟླ་བའི་མདོ། ཕུང་པོ་གསུམ་པའི་མདོ། འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོ། འདུ་ཤེས་བཅུ་གཅིག་པའི་མདོ། བཟང་པོ་སྤྱོད་པའི་མདོ། སངས་རྒྱས་སྨན་གྱི་བླའི་མདོ། རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བའི་མདོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་མན་ངག་དང་བཅས་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྦྱིན་པའི་གཏམ། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་སྐྱབས་གསུམ་བདུན་ཅུ་པ། པཎྜི་ཏ་པུཎྱཻ་ཤྲཱི་མི་ཏྲས་མཛད་པའི་དགེ་བསྙེན་གྱི་སྡོམ་པ་བརྒྱད་པའི་གཞུང་དང༌། དེའི་རང་འགྲེལ། སློབ་དཔོན་ཞི་བ་ལྷས་མཛད་པར་གྲགས་པའི་འདའ་ཀ་ཡེ་ཤེས་ཀྱི་འགྲེལ་པ་དང༌། ཁ་ཆེ་པཎྜི་ཏ་ཆེན་པོ་ཛྙཱ་ན་ཤྲཱིས་མཛད་པའི་ཚུལ་ཁྲིམས་དང་དམ་ཚིག་མི་འགལ་བར་བསྟན་པའི་རབ་ཏུ་བྱེད་པ། ཁ་དོན་དང་གླེགས་བམ་བཀླགས་པའི་སྔོན་དུ་བྱ་བའི་ཆོ་ག །སློབ་དཔོན་བི་མ་ལ་མི་ཏྲས་མཛད་པའི་སྐྱབས་འགྲོ་ཡན་ལག་དྲུག་པ། ཇོ་བོ་རྗེས་མཛད་པའི་སྐྱབས་སུ་འགྲོ་བ་བསྟན་པ། བྱང་ཆུབ་སེམས་དཔའི་ལས་དང་པོ་པའི་ལམ་ལ་འཇུག་པ་བསྟན་པ། ཆོས་ཀྱི་དབྱིངས་སུ་བལྟ་བའི་གླུ། དྲན་པ་གཅིག་པ། སློབ་དཔོན་