[A:༣༡༦]ངག །དགེ་བཤེས་དོལ་པ་དམར་ཞུར་བས་མཛད་པའི་བེ་བུམ་སྔོན་པོར་གྲགས་པ་གཞུང་མན་ངག་དང་བཅས་པ། དགེ་བཤེས་པུ་ཏོ་བའི་མན་ངག་དཔེ་ཆོས་སུ་གྲགས་པ། གནས་བརྟན་ཆེན་པོ་བཅུ་དྲུག་སྤྱན་དྲངས་ཤིང་མཆོད་པའི་ཆོ་ག །ཇོ་མོ་ལབ་སྒྲོན་ནས་བརྒྱུད་པ་ནམ་མཁའ་སྒོ་འབྱེད་ཅེས་བྱ་བའི་ཆོ་གས་སྒོ་ཕྱེ་ནས་ཉམས་སུ་བླང་བའི་རིམ་པ་གེགས་སེལ་དང་བཅས་པ་གཅོད་ཀྱི་སྐོར་དང༌། གསང་སྔགས་ཀྱི་སྐོར་གསན་པ་ལ། སྤྱོད་པའི་རྒྱུད་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ། བྱ་བའི་རྒྱུད་བསམ་གཏན་ཕྱི་མ། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་རྒྱུད་ཀྱི་སྟོད་ཀྱི་དུམ་བུ། རྗེ་བཙུན་མ་སྒྲོལ་མ་ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་དབང་བསྐུར་བ་ཞུས་ནས་དེའི་སྤྱི་དང་སོ་སོའི་སྒྲུབ་ཐབས་མན་ངག་དང་བཅས་པ་དང༌། རྣལ་འབྱོར་མ་རིན་ཆེན་རྒྱན་གྱི་དཀྱིལ་འཁོར་གྱི་ཆོ་ག་ཞུས་ནས། དེའི་སྒྲུབ་ཐབས་ཡན་ལག་དང་བཅས་པ། བྱ་བའི་རྒྱུད་འཕགས་པ་དོན་ཡོད་ཞགས་པའི་རྟོག་པ། དེའི་སྒྲུབ་ཐབས་ཀྱི་གཞུང༌། དེའི་ཆ་ལག་དེ་ཁོ་ན་ཉིད་བཅུ་དྲུག་པ། འཕགས་པ་གཙུག་ཏོར་དྲི་མ་མེད་པའི་རྟོག་པ། དེའི་འགྲེལ་པ་ལས་ཚོགས་དང་བཅས་པ། ནོར་བུ་དྲི་མ་མེད་པའི་གཟུངས་རྟོག་པ་དང་བཅས་པ། རྗེ་བཙུན་རྣལ་འབྱོར་མ་ནག་མོ་ཞེས་བྱ་བའི་བྱིན་རླབས་ཀྱི་བཀའ་ཞུས་ནས། དེའི་སྒྲུབ་ཐབས་ཀྱི་གཞུང་ལས་ཚོགས་བཞི་བཅུ་ཞེ་གཉིས་དང་བཅས་པ། ལྷ་དབང་ཕྱུག་ཆེན་པོའི་སྲུང་བའི་དབང་ཞུས་ནས། དེའི་མན་ངག་རྣམས་དང༌། འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་པའི་ཐབས་ལས་ཚོགས་དང་བཅས་པ། ཐུགས་རྗེ་ཆེན་པོའི་རིག་པ་གཏད་པའི་ཆོ་ག་ཞུས་ནས། དེའི་སྒྲུབ་ཐབས་ཡན་ལག་དང་བཅས་པ་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །ཡང་སློབ་དཔོན་གཉན་འོད་སྲུངས་དགུང་ལོ་བརྒྱད་ཅུ་རྩ་ལྔ་ལོན་པ་ལ། བཅོམ་ལྡན་འདས་འཇམ་པའི་དཔལ་གྱི་དྲག་པོ་སྔགས་ཀྱི་དབང་བདུན་ཞུས་ནས། ལ་ལི་ཏ་བཛྲས་མཛད་པའི་འཇམ་དཔལ་ཞི་ཁྲོའི་སྒྲུབ་ཐབས་