R26: བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ།

  • Pagination (Witness A): ༣༡༧
[A:༣༡༧]རྒྱས་པ། ཨ་མོ་གྷ་བཛྲས་མཛད་པའི་སེམས་དཔའ་བསྡུས་པ་ཞེས་བྱ་བའི་སྒྲུབ་ཐབས། རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས་རིང་ལས་ཚོགས་དང་བཅས་པ། ཞི་བ་ཡེ་ཤེས་ཀྱི་བསྙེན་པའི་ཆོ་ག །སྒྲུབ་པའི་ཆོ་ག །དྲག་པོ་ཕྱོགས་གཅིག་པའི་ལས་སྦྱོར། ཞི་བ་ལས་བདུན་གྱི་ཆོ་ག །དྲག་པོ་ལས་བདུན་གྱི་ཆོ་ག །གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྒྲུབ་ཐབས། རྟོག་པ་གསུམ་པའི་རྒྱུད། གཏམ་རྒྱུད་ཀྱི་རྟོག་པ་དེ་དག་གི་ཞལ་གདམས་དང་བཅས་པ་རྣམས་དང༌། སློབ་དཔོན་ངག་དབང་གྲགས་པས་མཛད་པའི་འཆི་བ་བསླུ་བའི་གཞུང་རྒྱས་པ་མན་ངག་དང་བཅས་པ། ཡན་ལག་བདུན་པའི་བསྟན་བཅོས། དེ་ཁོ་ན་ཉིད་རིན་ཆེན་སྣང་བ། དེའི་འགྲེལ་པ་སློབ་དཔོན་ཉིད་ཀྱིས་མཛད་པ། དབང་གི་ཆོ་ག་མདོར་བསྡུས་པ་རྣམས་གསན་ནོ། །ཡང་སློབ་དཔོན་དགེ་བའི་བཤེས་གཉེན་ཡོན་ཏན་དཔལ་ལས་ཐེག་པ་ཆེན་པོའི་རྒྱུ་ཁམས་སྟོན་པར་བྱེད་པ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ། སྒྲུབ་བྱེད་ཀྱི་ལམ་ལ་ཐབས་ཀྱི་ཆ་སྟོན་པ་གསང་ཆེན་ཐབས་ལ་མཁས་པའི་མདོ། ཤེས་རབ་ཀྱི་ཆ་སྟོན་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། བགྲོད་བྱའི་ས་ལམ་སྟོན་པ་ས་བཅུ་པའི་མདོ། ཐེག་པ་ཆེན་པོའི་འབྲས་བུ་སྟོན་པ་སངས་རྒྱས་ཀྱི་སའི་མདོ་སྟེ་ཟབ་མོའི་མདོ་ལྔར་ཡོངས་སུ་གྲགས་པ་དང༌། དེ་དག་གི་མན་ངག་ཕྱོགས་གཅྀག་ཏུ་བསྡེབས་པ་དགེ་བཤེས་ཚ་ལུང་སྟོད་སྟོན་དཀོན་མཆོག་སྐྱབས་ཀྱིས་མཛད་པའི་ཐེག་པ་ཆེན་པོའི་གཞི་ལམ་རྣམས་གསན་ནོ། །སློབ་དཔོན་ཚོགས་ཀྱི་མཆོག་ལས་ངག་གི་འདྲེན་པ་དང༌། འཁྲུལ་འཁོར་གྱི་རིམ་པ་འགའ་ཞིག་གསན་ནོ། །དགེ་བའི་བཤེས་གཉེན་ཞང་ཞུང་པ་རྡོ་རྗེ་འོད་ཟེར་ལས། དེ་ཁོ་ན་ཉིད་ཀྱི་སྒྲོན་མ། ཡེ་ཤེས་སྙིང་པོ་རྣལ་འབྱོར་མའི་རྒྱུད་ཀྱི་ལུང་རྣམས་གསན་ནོ། །སློབ་དཔོན་རིན་པོ་ཆེ་སྐྱོབ་པ་དཔལ་ཞེས་བྱ་བ་ལས། འཁོར་ལོ་བདེ་མཆོག་གི་བཤད་པའི་རྒྱུད་མཁའ་འགྲོ་རྒྱ་མཚོ་ཞེས་བྱ་བའི་ལུང་གསན་ནོ། །དེ་ནས་རྣལ་འབྱོར་དབང་ཕྱུག་རྒ་ལོ་ཞེས་བྱ་བ་ལས་གཤིན་རྗེ་