[A:༡བxxx]ན་མོ་གུ་རུ་མཉྫུ་ཤྲི་ཡེ། བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ་མང་པོ། ཚིག་དང་དོན་བཅས་པའི་གནས་རྣམས་ཀུན། ཇི་སྙེད་ཡོད་པའི་རང་རང་གྲུབ་པའི་མཐའ། གསལ་མཛད་མཁས་པའི་དེད་དཔོན་ཁྱོད་གཅིག་སུ། གང་གིས་འཆད་པའི་གཞུང་ལུགས་ཁྲ་མོ་འགའ། ལ་ལང་སྐྱེ་བར་འབེལ་བར་མི་སྤོབས་ན། རྣམ་མང་བཤད་པའི་རྒྱུན་གྱིས་འགྲོ་བའི་ཡིད། ངལ་གསོར་བགྱི་བ་ཁྱོད་ལས་གཞན་སུ་ཞིག ཡབ་རྗེ་རྒྱལ་བའི་རིང་ལུགས་འཛིན་པ་ལ། གངས་ཅན་ལྗོངས་འདིར་ཁྱོད་ཀྱི་འགྲན་ཟླ་སུ། འཕགས་པའི་ཡུལ་ན་དིང་སང་བསྟན་པའི་ཆ། རྣམ་པར་ནུབ་ཕྱིར་དཔེ་ཟླར་སུ་ཞིག་བགྱི།