[A:༢ན]སྔོན་ཆད་བྱོན་པའི་མཁས་དང་གྲུབ་པའི་གཙོ། དུ་མའི་ལེགས་བཤད་རྣམ་གྲངས་མང་མོད་ཡང་། ཁྱོད་ཐུགས་ཆོས་ཀྱི་རྒྱ་མཚོས་ཡོངས་བཟུང་ནས། གཞན་ལ་སྣ་གཅིག་འཛིན་པའི་སྐལ་བའང་ཅི། ཤིན་ཏུ་སྦྱངས་པའི་ཞིབ་མོའི་བློ་གྲོས་ཀྱིས། མཁས་པ་འགའ་ཡི་སྤྱོད་
ཡུལ་
རྩིང་པོར་བྱས། གསུང་གི་བདུད་རྩི་གསེར་འགྱུར་སྨན་མཆོག་ནི། གང་ལ་རེག་པའི་འདོད་དགུ་ཉེ་བར་སྤེལ། མདོ་སྔགས་ཀུན་གྱི་གླེགས་བམ་གཅིག་གྱུར་པ། ཡོངས་རྫོགས་བསྟན་པའི་བདག་པོའི་རྨད་བྱུང་གཏམ། བདག་འདྲ་ཕྱོགས་རེའི་མིག་གྱུར་བྱིས་པའི་བློས། ཇི་ལྟའི་སྒོ་ནས་འབེལ་བར་ག་ལ་སྤོབས། འོན་ཀྱང་ཡིད་ཆེས་གཏན་ཚིགས་རྣ་བ་རུ། ཉེར་ལྟུང་སྙིང་གི་པད་མོར་སོན་པ་ཡི། རྒྱ་མཚོ་ཆེ་ལས་སྐྲ་རྩེའི་ཐིགས་པ་ཙམ། དང་བའི་སེམས་ཀྱིས་བླངས་ནས་འདིར་བརྗོད་བྱ། འདིར་བདག་གི་བླ་མ་དམ་པ་མི་འཕྲོགས་པའི་བརྒྱེན་རབ་ཕུལ་དུ་བྱུང་བའི་བདག་ཉིད་ཆེན་པོ་མཚན་མཆོག་དོན་ལྡན་དུ་གྱུར་པ། གནས་ལྔ་ཡོངས་སུ་རྫོགས་པའི་པཎྜི་ཏ་