R275: པཎྜི་ཏའི་རྣམ་པར་ཐར་པ་དད་པའི་གླང་པོ་སྐུལ་བའི་ལྕགས་ཀྱུ།

  • Pagination (Witness A): ༢༢ན
[A:༢༢ན]གཟིགས། འོན་ཀྱང་ཁྱོད་གསུང་ཐོས་པའི་བདུད་རྩི་ཡི། སྲོག་གི་ལྷག་མ་ཅུང་ཟད་བརྟས་པར་གྱུར། ལེགས་པར་བསམ་ཚེ་ནང་དོན་རིག་པའི་སྒོ། མི་འགགས་བློ་ཡིས་སྣང་བློ་འདི་ལྟར་ཤར། རང་སེམས་རིན་ཆེན་ཡོངས་སུ་དག་པ་འདི། ལྷ་དང་བླ་མ་ཡིན་པར་རྒྱལ་བས་གསུངས། སེམས་ཉིད་སྟོང་བའི་རང་ཞལ་ལྟ་བ་འདི། བླ་མ་ཆོས་སྐུའི་རང་ཞལ་ལགས་པར་སེམས། ཚུལ་འདི་བླ་མའི་ཡོན་ཏན་དབྱར་སྐྱེས་རྔ། སྙིང་ལ་སོན་པའི་སྐལ་ལྡན་གཙུག་ཕུད་ཅན། དད་པའི་སྤུ་ལོང་གཡོས་ནས་གང་དེའི་སྲས། ཀུན་དགའ་གྲོལ་
མཆོག་
ཡིད་ཀྱི་པད་མཚོར་ཤར། དགེ་ཚོགས་གང་དེས་བདག་སོགས་གདུལ་སོགས་གདུལ་བྱ་རྣམས། སྐྱེ་དང་སྐྱེ་བར་བླ་མ་པཎྜི་ཏའི། ཞབས་རྡུལ་ཟེ་འབྲུ་སྤྱི་བོས་ལེན་བྱེད་ཅིང་། གདམས་པའི་གསུང་ལས་ཐོབ་པར་ཤོག ཅེས་རྩ་བའི་བླ་མ་ཡོངས་རྫོགས་བསྟན་པའི་བདག་པོ་ཨ་མོ་གྷ་སིདྷིའི་རྣམ་པར་ཐར་པ་ངོ་མཚར་དད་པའི། གླང་པོ་སྐུལ་པའི་ལྕགས་ཀྱུ་