[A:༢༡བ]མང་དུ་བྱུང་ཞེས་གླེང་ལ། བདག་པ་མངའ་རིས་ཕྱོགས་ཀྱི་བུ་སློབ་རྣམས་ལ་ནི། གདུང་ཚའི་ནང་ནས་ཀྱང་རིང་བསྲེལ་དཔག་མེད་རྡོལ་ཏེ་བྱོན་ཏོ། དེ་ལྟ་བས་ན་ཡོངས་རྫོགས་བསྟན་པའི་བདག་པོའི་རྣམ་པར་ཐར་པའི་ཆ་ཤས་ཅུང་ཟད་སྤེལ་བ་ལས་མདོར་བསྡུས་པའི་ཚུལ་གྱིས་ཐམས་ཅད་བསྟན་ཟིན་ཏེ། དེ་ལྟར་རྗེ་བཙུན་བླ་མ་མཆོག་འདི་ནི། སངས་རྒྱས་ཉིད་དང་ཐ་དད་མེད་པའི་ཕྱིར། རྣམ་ཐར་མཐའ་ཡས་བདག་འདྲས་ག་ལ་སྤོབས། འོན་ཀྱང་མོས་བློས་ཅུང་ཟད་བསྡེབས་པ་ལ། འགལ་བའི་ཚོགས་ཀུན་བརྩེ་བས་བཟོད་པར་དགོངས། ཀྱེ་མ་ཁྱོད་ཉིད་བསྟན་པ་སྤྱིར་
གཤེགས་
ཤིང་། སྒོས་སུ་གདུལ་བྱ་རྣམས་ལ་ཉེ་བར་གཤེགས། ཡང་སྒོས་བདག་ནི་མགོན་པོ་ཁྱོད་བྲལ་བས། སྐྱབས་མེད་བདག་བློ་གཏིང་ནས་ཡིད་རེ་སྐྱོ། སྐྱབས་བྲལ་ཕྱོགས་འདིར་སླེབ་ཚེ་ཡབ་རྗེ་གཤེགས། ཡབ་རྗེ་བཞུགས་ཚེ་ལས་ཀྱི་རླུང་གིས་བདས། གང་ལ་བསམས་ཀྱང་ཚུགས་པའི་སྐབས་མེད་ན། མི་མངོན་དབྱིངས་ནས་ཐུགས་རྗེས་ཉེ་བར་