[A:༣༤༡]༅། །ཉན་ཆེན་བསོད་ནམས་བརྟན་པའི་རྣམ་ཐར་བཞུགས། །
༄༅༅། །བསྐལ་པར་བསོད་ནམས་ཡེ་ཤེས་ཚོགས། །རབ་ཏུ་རྫོགས་མཛད་གདུལ་བྱ་ཡི། །རྒྱུད་དང་རྗེས་མཐུན་ཕྲིན་ལས་དང༌། །ཏིང་འཛིན་བརྟན་པ་ལ་ཐོབ་འདུད། །བསླབ་གསུམ་རྣམ་དག་ཐོས་བསམ་མཐའ་རུ་ཕྱིན། །རྩེ་གཅིག་བསྒྲུབས་པས་གོ་འཕང་མཆོག་བརྙེས་ཏེ། །གཞན་དོན་ལྷུན་གྲུབ་རང་དོན་མཐར་ཕྱིན་པ། །བླ་མའི་ཡོན་ཏན་མཐའ་དག་བདག་ལྟ་བུས། །བསྐལ་པར་བརྗོད་ཀྱང་མི་ནུས་དེ་ལྟ་ནའང༌། །གཞན་ལས་ཐོས་དང་བདག་གིས་མཐོང་ཚོད་ཀྱི། །རྒྱ་མཚོ་ཆེ་ལས་ཆུ་ཐིགས་ཙམ་ཞིག་བརྗོད། །འདིར་བདག་ཅག་གི་འདྲེན་པ་དམ་པ་འདི་སྐུ་འཁྲུངས་ས་ལ་སྟོད་བྱང་གི་མདོག་གི་ས་ཆར་སྐུ་འཁྲུངས། བཅུ་བཞི་པ་མན་ཆད་རྟེན་སྐྱ་བོ་ལ་བླ་མ་ཆོས་རྗེ་ས་སྐྱ་པཎ་ཆེན་དང་མང་དུ་མཇལ། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཆེན་མོ། །སྣང་བ་མཐའ་ཡས་ཀྱི་འཕོ་བ། བསྙེན་གནས་ཡང་ཡང་ཐོབ་ཅིང་བླང་དོར་ལེགས་པར་མཛད། ལྷག་པར་ཐུགས་བསྐྱེད་དང་པོ་ནས་འབྱོངས་ནས་སྙིང་རྗེ་ཕན་སེམས་ཆེ།
བཅོ་ལྔ་པ་ལ་རབ་ཏུ་བྱུང་ནས་བོ་དོང་རིན་པོ་ཆེའི་དྲུང་དུ། ཕར་ཕྱིན། རྣམ་ངེས་བསྡུས་པ་བསླབ། གྲྭ་སྐོར་མཛད། བཙུན་རྐང༌། སྟོན་པ་བཟང༌། བཀའ་གྱོང༌། གཅིག་ཚུགས་འཛིན་པ། གྲྭ་པ་ལ་བློ་འགྲོ་བ་ཅིག་ཡོད་པ་ལ། བོ་དོང་རིན་པོ་ཆེ་དེ་རྟེན་འབྲེལ་གྱི་ཁྲིད་སྙིང་ཕུ་ཤུག་གསེབ་པ་ལ་ཞུས་པས། མཛེ་བྱུང་ཟིན་བཟློག །ཉམ་