R303: རྒྱུད་ཀྱི་རྒྱལ་པོ་དཔལ་གྱི་རྡོ་རྗེའི་མངོན་པར་རྟོགས་པ་ལྗོན་ཤིང་། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༩༥ན
[A:༩༥ན]Printing colophon, ff. 95a1-6 བསྐུལ་བ་པོ་དང་གང་གི་དག་བྱེད་ཞུས་ཆེན་ནི༎ བློ་བསལ་དཔལ་འཛིན་བཟང་པོཉིད་ཉིད་༎ དེ་ལྟར་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བའི་སྙིང་པོ་སྡུས་པ། རྨད་དུ་བྱུང་བའི་གཞུང་ལུགས་ཀླགས་པས་གྲུབ་པ། གྲུབ་པ་དང་རིག་པ་འཛིན་པ་ཐམས་ཅད་ཀྱི་ཅོད་པན་གཅིག་བུར་གྱུར་པ་འདི་ཉིད། དཔལ་མཐུ་སྟོབས་ཀྱི་དབང་ཕྱུག་བསོད་ནམས་བཟང་པོའི་བཀའ་དྲིན་གྱིས་ཉེ་བར་སྐྱངས་ཤིང་། ས་གསུམ་ན་མགྲན་ཟླ་དང་བྲལ་བ་དཔལ་ལྡན་ས་སྐྱ་པ་ལ་མི་བྱེད་པའི་དད་པ་ཐོབ་པ། ཐེག་པ་མཆོག་ལ་མོས་པའི་དགེ་སྙེནགྲྭ་ལྔ་རྒྱལ་པོས་ཤཱཀྱའི་བཙུན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོས་གཞན་ལ་ཕན་པའི་དོན་དུ། དཔལ་སེན་གྱི་ལོ་ས་ག་ཟླ་བའི་དཀར་ཕྱོགསགོང་དཀར་དཔལ་ཀྱི་སྡེ་རྣམ་པར་རྒྱལ་བའི་ཕོ་བྲང་དུ་བཞེངས་གཞེངས་བ་དགེ་ལེགས་སུ་གྱུག་ཅིག།[…] སྤེལ་ལེགས་ཡི་གེའི་ཕྲེང་བ་འདི༎ ཤེས་རབ་འབྱུང་གནསམཁས་པས་སྤྲུལ༎ བརྐོས་བྱེད་གངས་ཅན་ལྗོངས་འདི་ན༎ མཁས་པའི་ཕུལ་ཕྱིན་བཟོད་པ་འཕེལམཁས་པའི་ཕུལ་ཕྱིན་བླ་མའི་འོད བཟོ་རིག་འཛིན་པ་མཐའ་དག་གི།་ རལ་པར་རྐང་པ་འགོད་བྱེད་པ༎ དཔལ་ལྡན་དགེ་བསྙེན་སྙེན་རྣམ་རྒྱལ་གྱིས༎ དབུ་ལྷའི་ཡ་མཚན་འདི་ཡང་བསྒྲུབས༎ ཉིན་མོ་བདེ་ལེགས་མཚན་བདེ་ལེགས ཉིན་མོའི་གུང་ལ་བདེ་ལེགས་ཤིང་༎ ཉིན་མཚན་རྟག་ཏུ་བདེ་ལེགས་པ༎ དཀོན་མཆོག་གསུམ་གྱིས་དེང་འདིར་བརྩོལ༎ མངྒ་ལཾ༎ Copyist annotation, f. 95a6 འདི་ལ་ཕྱི་མོ་བརྒྱད་དགུ་རྩམ་བསྩལ། འཆད་ཉན་གྱིས་གཏན་ལ་ཕབ། སྡེབས་ཡི་གེ་བརྙིང་པ་སོར་བཞག། རང་བཟོ་གཟོ་མེད། ད་རུང་བློ་ལྡན་གྱིས་སྤྱད་པར་བྱའོ