R303: རྒྱུད་ཀྱི་རྒྱལ་པོ་དཔལ་གྱི་རྡོ་རྗེའི་མངོན་པར་རྟོགས་པ་ལྗོན་ཤིང་། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༩༤བ
[A:༩༤བ]འབྲས་བུ་ཅི༎ གང་ལ་སེམས་ཞིག་ཡོད་ན་ནི༎ དམ་པའི་བཞེད་གཞུང་ཁང་བཟང་འདིར༎ རྣམ་གྲོལ་འབྱོར་བ་ཐོབ་པའི་སླད༎ དད་པའི་གོམ་པས་འཇུག་པར་རིགས༎ གང་ཡང་འགའ་ཞིག་མཁས་པའི་སྲོལ༎ གསེར་གྱི་ཅོད་པཎ་ཡོངས་སྤངས་ནས༎ རྒན་པོའི་ཁྱམས་ཚིག་འགལ་འུམ?སུས?་གྱི། ཕྲེང་བ་རྒྱན་དུ་འཛིན་པར་བྱེད༎ ཀྱེ་མ་ལུགས་ལས་འདས་པ་ཡི༎ སྐྱེ་བོ་སུ་ཡི་ཕན་བྱར་འགྱུར༎ འོན་ཀྱང་རང་གི་ལྷག་བསམ་དང༎ གཅིག་ཏུ་བསྟན་ལ་གཅེས་པའི་བློས༎ ཚུལ་འདི་འགྲོ་ལ་སྤེལ་བའི་སླད༎ src: A line might be missing here བསོད་ནམས་ཁང་པ་བསྔགས་འོས་གང༎ བརྒྱ་བྱིན་གྲོང་གི་ཕུན་ཚོགས་བཞིན༎ ཀུན་གྱི་གོང་ན་དཀར་བའི་རྩེར༎ རབ་གསལ་ཡི་གེའི་པར་དུ་བསྒྲུབས༎ འདི་ན་ཡང་དག་ལམ་སྲོལ་དུ༎ འཇུག་འདོད་དཔྱོད་ལྡན་འགའ་ཡོད་ན༎ ཟླ་ཚེས་མཐོང་བའི་བྲམ་ཟེ་བཞིན༎ ཀུན་དགའི་ཐལ་མོ་སྦྱོར་ལ་གྲང༎ དེ་ལྟ་མོད་ཀྱི་ནག་པོའི་ཕྱོགས༎ བསྟན་བ་སྡང་བ་ཕལ་ཆེ་ཡི༎ སྙིང་ལ་དུག་གི་མདའ་ཆེན་བཞིན༎ ཟུག་རྔུར་འགྱུར་ལ་ཅི་བྱར་ཡོད༎ སྐྱེ་དགུའི་མུན་སེལ་ཉིན་མོའི་མགོན༎ མཁའ་ལ་འོད་ཀྱིས་ཀུན་དཔའ་ཡང་༎ བསྐལ་ངན་མཚན་མོ་རྒྱུ་བའི་བྱ༎ མྱ་ངན་འགྱུར་བ་དངོས་པོའི་བཤིས༎ Wish verses, f. 94b4-7 འོན་ཀྱང་ཀུན་ལ་ཕན་དོན་དུ༎ བསྒྲུབས་པའི་ལྷག་བསམ་བདེན་པ་ཡིས༎ ངག་གི་དབང་པོའི་གཞུང་ལུགས་འདིར༎ འགྲོ་ཀུན་ངེས་པར་འཇུག་གྱུར་ཅིག། བདག་ཀྱང་ཚེ་རབས་ཐམས་ཅད་དུ༎ བདུད་ཀྱི་ལས་ལ་ས་ཕྱིར་ཕྱོགས་ཏེ༎ ཐེག་པ་མཆོག་གི་ལམ་འཛིན་ཅིང་། བསོད་ནམས་བཟང་པོ་མཉེས་བྱེད་ཤོག། འགྲོ་ཀུན་མི་ཁོམ་སྤངས་ནས་ཀྱང༎ དགེ་བཅུའི་ལས་ལམ་སྤྱོད་པ་ཡིས༎ རྒྱལ་བ་མ་ལུས་དགྱེས་པ་དག། ངན་སོང་གྲོང་ཁྱེར་སྟོབས་པར་ཤོག། གཞན་ཡང་འདི་ན་སྨིན་བྱེད་དང་བྲལ་རྨོངས་པའི་སྒོམ་ལྷུར་བྱེད་པས༎ བ་ལང་བསྒྲུབ་བྱེད་ཟབ་མོའི་ལམ་དུ་བདུད་ཀྱིས་ངེས་པར་བསྡུས་པ་དག། དམ་པའི་མགོན་དང་ཕྲད་ནས་མཆོག་གི་སྨིན་བྱེད་ཁང་བཟང་ཉམས་དགའི་ནང་།་ རིམ་གཉིས་རྣམ་བཞག་རི་མོའི་ཟློས་གར་ཅི་ཡང་མཐོང་ནས་འགྲོ་གྱུར་ཅིག། དེ་སྐད་བརྗོད་པའི་བྱེད་པོ་ཡང། ས་སྐྱ་འཇམ་དབྱངས་ཞབས་པད་ཀྱི༎ ཅོད་པན་དད་པ་ལ་བཀོད་པ༎ རིག་འཛིན་གྲྭ་ལྔ་རྒྱལ་པོའོ༎ ༎ཐུ་བཙུན་འཇིགས་མེད་དཔའ་བོའི་སྡེ། །ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོར། །ཡོངས་བརྗོད་མཆོག་གི་བློ་ཅན་ཡིན། །src: The block of witness B has this last line (f. 94b7) with the authorship statement of the above verses modified (apparently for a later print of the same blocks)