[A:༣༦༧]༅། །རྒྱལ་བ་བྲག་ཕུག་པའི་རྣམ་ཐར་བཞུགས།།
༄༅༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །གང་སྐུ་བལྟ་བས་མི་ངོམས་སྐྱོན་བྲལ་ཞིང༌། །གང་གསུང་ཟབ་ཅིང་རྒྱ་ཆེའི་ཆོས་སྒྲ་སྒྲོགས། །གང་ཐུགས་གཉིས་མེད་ཡེ་ཤེས་ཆེན་པོའི་ངང༌། །གང་གི་ཕྲིན་ལས་བཟང་པོས་འགྲོ་བ་འདྲེན། །དག་པའི་རྟེན་ལ་དབང་བཞིའི་རྟེན་འབྲེལ་གྱིས། །གནས་སྐབས་བཞི་ཡི་བག་ཆགས་རབ་སྦྱངས་ནས། །དགའ་བཞིའི་འགྲོས་ཀྱིས་བདེ་ཆེན་མཆོག་བརྙེས་པ། །སྐུ་བཞིའི་ངོ་བོ་བླ་མའི་ཞབས་ལ་འདུད།
།བསོད་ནམས་ཡེ་ཤེས་ཆུ་གཏེར་ལས་འཁྲུངས་ཤིང༌། །མཁྱེན་བརྩེའི་ནོར་བུ་སྲིད་ཞིའི་དཔལ་གྱིས་མཛེས། །དོན་གཉིས་མཐར་ཕྱིན་འདོད་དགུའི་མཆོག་སྩོལ་བ། །དབང་གི་རྒྱལ་པོའི་རྣམ་ཐར་ཆ་ཙམ་བྲི།
།འདིར་འཇིག་རྟེན་གསུམ་གྱི་མགོན་པོ། འགྲན་ཟླ་དང་བྲལ་བའི་གྲུབ་ཆེན་ཆོས་ཀྱི་