R31: རྒྱལ་བ་བྲག་ཕུག་པའི་རྣམ་ཐར།

  • Pagination (Witness A): ༣༦༨
[A:༣༦༨]རྗེ་རྒྱལ་བ་ན་བཟའ་བྲག་ཕུག་པ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ངེས་པར་རྡོ་རྗེ་འཆང་ཡིན་ལ། རྣམ་པ་མིའི་གཟུགས་ཀྱིས་འགྲོ་བ་རྣམས་ཀྱི་འདྲེན་པ་མཆོག་དམ་པར་བྱོན་པའི་རྣམ་པར་ཐར་པ་ཟུར་ཙམ་བརྗོད་ན། Teachings from Shang dKon mchog dpal དེ་ཡང་སྐུ་གཞོན་ནུའི་དུས་ཉིད་ནསའགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པའི་ཐུགས་ཀྱི་སྲས་མཆོག་རིམ་པ་གཉིས་ལ་བརྟན་པ་ཐོབ་ཅིང་བསམས་ན་ཤེས་པའི་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བའི་བླ་མ་དམ་པ་ཞང་དཀོན་མཆོག་དཔལ་ལས་རབ་ཏུ་བྱུང་སྟེ། ཞབས་དྲུང་དུ་ཡུན་རིང་དུ་བསྟེན་ཅིང་མཉེས་པ་གསུམ་གྱིས་མཉེས་པར་མཛད། དེ་ཉིད་ལས་བཅོམ་ལྡན་འདས་ཀྱེ་རྡོ་རྗེ་བདག་མེད་མ། འཁོར་ལོ་བདེ་མཆོག །རྡོ་རྗེ་འཇིགས་བྱེད། གཤེད་དམར། གསང་འདུས། སྒྲོལ་མ། མ་ཧཱ་མཱ་ཡ། རྡོ་རྗེ་རྣལ་འབྱོར་མ། ཀུ་རུ་ཀུལླེ། ཀུན་རིག་རྩ་བའི་དཀྱིལ་འཁོར། གཙུག་ཏོར་རྣམ་རྒྱལ། རྡོ་རྗེ་ནག་པོ་ཆེན་པོ་ལ་སོགས་པ་དཔལ་ལྡན་ས་སྐྱའི་ཆོས་རྒྱུད་དྲི་མ་མེད་པ་རྣམས་ཀྱི་དབང༌། བྱིན་རླབས། རྗེས་གནང༌། གསུང་ངག་རིན་པོ་ཆེ་ལམ་སྐོར་དང་བཅས་པ་ལ་སོགས་པའི་གདམས་ངག །རྒྱུད་འགྲེལ། ཕྱག་ལེན་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་ཐུགས་སུ་ཆུད་ཅིང་བྱིན་གྱིས་བརླབས་ནས། སྐབས་འགའ་ཞིག་ཏུ་བདག་ལ་ཞབས་ཏོག་དགོས་པའི་སྟོབས་ཀྱིས་བསྒོམ་ལོང་ཙམ་མི་འོང་བར་གདའ་ཞུས་པས། དུས་ཕྱིས་གཞན་ལ་ཕན་པར་འདུག་གིས་ཞེས་པ་དང༌། མནལ་ལམ་དུ་ན་བཟའི་ཕུག་གྲུབ་ཐོབ་འདར་ཕྱར་གྱི་དགོན་པ་དེ་ཡིན་ནོ་སྙམ་པ་ཅིག་ན་ཤིང་གི་ཁྲི་ཅིག་ན་གོས་གསེར་མའི་ཁྲི་གདན་འགའ་རེ་དང༌། ཕྱི་ནང་སྟན་དམར་པོ་དང༌། སེར་པོ་མང་རབ་ཀྱིས་བསྐོར་བ་ཅིག་འདུག་སུའི་ཡིན་བྱས་པས། སློབ་དཔོན་བསོད་ནམས་དཔལ་འབྱོར་པ་ཡིན་ཟེར་བ་ཅིག་བྱུང༌། ཁྱོད་ལ་དེར་ཕན་ཐོགས་འདྲ་འོང་བར་འདུག །དེར་ཡང་ཐང་རེ་སྡོད་ཅིག་ཅེས་ལུང་བསྟན་པ་ཡང་མཛད། གདམས་ངག་ཞུ་བའི་ཚེ་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་དང་མཐོང་སྣང་ཁྱད་པར་ཅན་ལ་སོགས་པ་ཡང་གཟིགས་སོ། །